您当前的位置:首页 > 音频资源 > 有声读物
诗歌朗诵 | ང་ཡང་ཁྱེད་ཀྱི་སློབ་མ་ཡིན།
信息编号:12 发布者:admin 发布时间:2019-08-14 关注:
音频介绍
     ལོ་དྲུག་གི་ཐལ་རྩེད་ལས་བྲལ་ཏེ་ངོ་མཚར་དང་ཡིད་སྨོན་གྱི་བློ་ཁ་སློབ་གྲྭ་ཞེས་པའི་ཐ་སྙད་ལ་ཆགས་ཏེ་ངས་ཀྱང་ན་མཉམ་གྱི་བྱིས་པའི་ཚོགས་འདུས་པའི་ཤེས་བྱའི་ལྡུམ་ར་དེར་ཤེས་རིག་གི་སྦྲང་རྩི་འཐུ་བར་ཆས།

         ཉིན་དང་པོར་ཁྱེད་དང་གཅེན་པོ་གཅེན་མོ་མང་པོས་ང་ཚོར་དགའ་བསུ་དང་འཛུམ་མདངས་ཀྱིས་བསུ་བ་གནང་དུས་ངའི་སྣང་ངོར་སློབ་གྲྭ་ཞེས་པ་ངེད་ཚང་ལས་སྐྱིད་ཅིང་རྩེད་གྲོགས་བརྒྱ་དང་སྟོང་གིས་བསྐོར་དུས་གནས་འདི་ནི་ཆེས་ཉམས་དགའ་བ་ཞིག་དང་མཚར་སྡུག་ལྡན་པ་ཞིག་ཏུ་བསམས།

         དེ་ལྟར་ཉིན་མོ་གཅིག་ནས་གཉིས།   གསུམ་ནས་བཞི།   རིམ་པ་བཞིན་འགྲོ་དུས་རིག་སྟོབས་སྐྱོ་བའི་བདག་ལ་མཚོན་ན་ཁྱེད་ཀྱི་སྡིག་མོ་དང་། སློབ་གྲོགས་ཚོའི་མཐོང་ཆུང་བཅས་ལས་སྔོན་གྱི་བསམ་པའི་ལྷ་ཡུལ་འདི་ད་ཆ་ཆེས་མུན་མག་དང་ཆེས་འདམ་རྩབ་ཀྱི་གནས་ཞིག་ཏུ་མཐོང་སོང་།   དེ་ལྟར་ངའི་བློ་ཁ་རིམ་བཞིན་གྲོང་ཚོའི་ནང་གི་ཕྱུགས་རྫི་དང་།   ཨར་ལས་མཁན།  ཐ་ན་ངའི་ཕ་མ་འདྲ་བའི་ཞིང་པ་དཀྱུས་མ་ཚོར་ཆགས་འགོ་འཚུགས།

         དགེ་རྒན་ལགས།   བདག་ལ་མཚོན་ན་ཁྱེད་ནི་ངའི་སེམས་ནང་ནི་རླབས་ཆེན་གྱི་མི་སྣ་ཞིག་དང་ཐམས་ཅད་མཁྱེན་པའི་སློབ་དཔོན་དེ་ཡིན།

    ཡིན་ནའང་།  ཁྱེད་ཀྱིས་བདག་ལ་སློབ་གྲོགས་གཞན་དང་འདྲ་བའི་བརྩེ་བ་ཅི་ནས་ཀྱང་གནང་རོགས།  གང་ཡིན་ཞེ་ན།   ང་ཡང་ཁྱེད་ཀྱི་སློབ་ཕྲུག་ཡིན།

    ཁྱེད་ཀྱི་སློབ་གྲོགས་གཞན་དང་འདྲ་བར་བདག་ལ་གོ་སྐབས་གནང་རོགས།   ངས་ངེས་གསལ་ལ་ན་ནིང་དགུན་ཁའི་སློབ་དཀྱིལ་ཡིག་རྒྱུགས་ཀྱི་སྐར་གྲངས་ཁྱབ་བསྒྲགས་གནང་དུས་ཤེས་དམན་ང་ཡང་འཛིན་གྲྭའི་སློབ་མ་ཡོངས་ཀྱི་རྗེས་སུ་ལུས་འདུག

         དེ་དུས་ཁྱེད་རང་ནས་ང་ལ་སེམས་གསོ་གནང་རྒྱུ་ཕར་བཞག་དེ་ལས་ལྡོག་ཏེ་འཛིན་གྲྭའི་སློབ་མ་ཡོངས་ཀྱི་ཁྲོད་དུ་ཟ་རོ་དང་།ཀླད་སྟོང་། གླེན་པ་སོགས་ངའི་ངོས་ནས་བརྗོད་ན་ཤིན་ཏུ་ནས་མི་སྙན་པའི་གཏམ་མང་དུ་སྨྲས་སོང་བ་ནི་ང་ལ་བཟོད་དཀའ་བའི་ན་ཟུག་ཅིག་སྟེར་ཨང་།    ལྷག་པར་དུ་སློབ་གྲོགས་གཞན་ཚོས་འཕྱ་སྨོད་དང་ཟུར་ཟའི་མིག་མདའ་རེ་རེ་བཞིན་ང་ལ་ཅེར་དུས་དེ་འདྲའི་སྐབས་སུ་ང་ནི་རྨ་བྱའི་ཚོགས་སུ་ཕག་པ་ཞིག་སླེབས་པ་དང་གཉིས་སུ་ནས་མ་མཆིས།

    རྒན་ལགས།    ང་ཟ་རོ་ཞིག་གཏན་ནས་མིན།   ངས་དུས་རྒྱུན་སློབ་གྲྭའི་ཁོར་ཡུག་དང་རང་འཛིན་གྲྭའི་ལས་རེས་སྐབས་སུ་གད་བདར་གཙང་མ་བྱེད་པ་ལས་གཡོ་ཟོལ་དང་ཁྲལ་སེལ་སླ་བཅོས་ཤིག་ད་བར་གཏན་ནས་བྱེད་མ་མྱོང་།   ལྷག་པར་དུ་ན་ནིང་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ལུས་རྩལ་འགྲན་ཚོགས་ནང་ངས་སྐྱེས་པའི་རྨིད་༡༠༠ཡི་རྒྱུགས་ཤར་འགྲན་བསྡུར་ནང་འཛིན་གྲྭའི་མཉམ་སྡེབ་ལ་བྱ་དགའ་ཨང་རིམ་དང་པོ་ལེན་པ་ཡིན།    འོན་ཀྱང་ཡིད་སྐྱོ་ཞིང་བློ་འཕངས་དགོས་པ་ཞིག་རྒན་ལགས་ཁྱེད་ནས་བདག་ལ་བསྟོད་བསྔགས་ཀྱི་བཀའ་མོལ་ཚིག་འབྲུ་གཅིག་ཀྱང་མེད་ལ་ཐ་ན་ངས་ཡུན་རིང་རེ་སྒུག་བྱས་པའི་འཛུམ་མདངས་ཤིག་ཀྱང་གནང་མ་བྱུང་།

         ངའི་བརྩེ་བའི་རྒན་ལགས།   འོ་ན་ང་རང་ངོ་མ་ཁྱེད་ཀྱིས་གསུངས་པ་བཞིན་ཟ་རོ་དང་།   ཀླད་མེད།   གད་སྙིགས།   གླེན་པ་ཞིག་ཡིན་ནམ།   ཁ་ཉིན་ཚེ་རིང་གིས་ངའི་སྨྱུ་གུ་བརྐུས་པ་སློབ་གྲོགས་མང་པོས་བདེན་དཔང་བྱེད་ཐུབ་མོད།  འོན་ཀྱང་ཚེ་རིང་ནི་འཛིན་གྲྭའི་སློབ་མའི་ཁྲོད་ནས་སྦྱངས་འབྲས་ཨང་དང་པོ་དེ་ཡིན་པར་བརྟེན་ཁྱེད་ནས་སྨྱུ་གུ་དེ་ངའི་མིན་པའི་ཐག་གཅོད་གནང་སོང་།

         ངའི་བརྩེ་བའི་རྒན་ལགས།   གལ་ཏེ་སློབ་གྲོགས་ཤིག་ལ་ཆ་མཚོན་ན་སྦྱངས་འབྲས་ལེགས་ན་ཁོ་ནི་ནམ་ཡང་ཕུལ་བྱུང་དང་སྦྱངས་འབྲས་ཞན་སོང་ན་ཡོད་ཚད་མཐའ་མར་འཇོག་དགོས་པ་ཡིན་ནམ།

    ངའི་བརྩེ་བའི་རྒན་ལགས།  ངས་དུས་ནམ་ཞིག་ལ་ཁྱེད་རང་ཐུགས་དགྱེས་པའི་འཛུམ་མདངས་དེ་མཐོང་ཨེ་ཐུབ།    དུས་ནམ་ཞིག་ལ་ཁྱེད་ཀྱིས་ང་ལ་ཟོག་རོ་མིན་པར་ངའི་མིང་དངོས་གནས་འབོད་པ་ཐོས་ཨེ་ཐུབ།    དུས་ནམ་ཞིག་ལ་ཁྱེད་ཀྱིས་ཐུགས་གཤིས་འཇམ་པོས་ང་ལ་ཟུར་ཁྲིད་ཅིག་གནང་ཨེ་ཐུབ།

    གང་ལྟར་ཡང་ང་ཁྱེད་ཀྱི་སློབ་མ་ཞིག་ཡིན།     ༼སྐར་གྲངས་ཁོ་ན་གཙིགས་སུ་འཛིན་པའི་དགེ་རྒན་དང་ཁྱིམ་བདག་ཚོར་འཕྲོད་པར་ཤོག༽
糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图