00:00
03:33
-
རྒན་ལྕགས་ཐར་རྒྱལ་མཆོག་གིས་འཆད་ཁྲིད་མུན་སེལ་སྒྲོན་མེའི་སྟེང་གནང་བའི་འཆད་ཁྲིད། བོད་ཀྱི་བརྡ་སྤྲོད་རིག་པ་འཕེལ་འགྱུར་ཐད་ཀྱི་གནད་དོན་འགའ།
ད་རེས་འཆད་ཁྲིད་ཀྱི་ནང་དོན་གཙོ་བོ་བོད་ཀྱི་ཡི་གེ་ནི་བརྡ་སྤྲོད་ཀྱི་གཏན་སྲོལ་ཆེ་བའི་སྒྲ་སྦྱོར་ཡི་གེ་ཞིག་ཡིན་པ་ནས་གླེང་བསླངས་ཏེ། སུམ་རྟགས་གཉིས་ཀྱི་བརྗོད་དོན་དང་། ཕྱིས་ཀྱི་འགྲེལ་པ་དག་གི་བར་ཁྱད་པར་ཇི་འདྲ་ཡིན་པ་དང་། དེ་དག་གི་བྱུང་དུས་གསལ་བཤད་བྱས་ཐོག རྣམ་དབྱེའི་ངོས་འཛིན་དང་། མིང་གི་དབྱེ་བ། ཚིག་གི་འཇོག་སྟངས། ཡི་གེའི་རྟགས་ཀྱི་དབྱེ་རྐྱེན་བཅས་ལ་སྒྲུབ་བྱེད་གསར་པ་གང་དང་ཅི་ཡོད་པ་ངོ་སྤྲོད་ཞུ་བ་དང་ལྷན་དུ། མ་འོངས་པར་བོད་སྐད་ཀྱི་བརྡ་སྤྲོད་རིག་པ་ཇི་ལྟར་འཕེལ་རྒྱས་གཏོང་སྟངས་ཐད་ཀྱི་བསམ་གཞིགས་འགའ་ཞུ་བར་བྱ་བའོ།
吉太加,男,藏族,1963年4月生,青海省贵德县人,硕士研究生学历,研究生导师,2001年12月晋升为教授。 曾担任海南州民族师范学校教务处副主任、主任,青海省第九届人大代表,青海师范大学民族师范学院藏语言文学系副主任,青海师范大学评建办公室副主任。现为青海师范大学民族师范学院副院长,兼任藏学研究所所长。
主要从事藏语言文字、语法理论、藏文修辞学、藏族历史的教学与研究工作。1986年始,先后在《中国藏学》、《西藏研究》、《西北民族大学学报》等省级以上刊物上公开发表三十余篇论文,出版专著(译)七部,在藏语语法、藏族文字学方面有一定建树。先后获得多项省级荣誉或先进称号。
一. 主要论文
1.《论吐蕃王朝的女政治家卓萨赤玛璐》(《日月山》 1992年1期)
2.《论吐蕃王朝牟尼赞普的死因》(《日月山》 1993年1期)
3.《藏文的起源及其发展过程》(《中国藏学》1994年3-4期)
4.《论藏族古代的几种信号方法》(《西藏研究》 1998年期)
5.《浅谈吐蕃时期的几个重要政治策略》(《西北民族学院学报》1997年1期)
6.《布杰sbu rgyl词源考》(《西藏研究》 1993年1期)
7.《论藏语在社会实践中的作用》(《西北民族学院学报》 1996年2期)
8.《藏语复合句概述》(《西北民族学院学报》 1998年2期)
9.《论藏族与myb的文化渊源关系》(《西北民族学院学报》 1997年2期)
10.《铁瓦寺简志》(《章恰尔》 1997年3期)
11.《藏语词义变化的若干形态》(《攀登》 1998年4期)
12.《藏语语法与民俗之间的关系》(《中国藏学研究》 2000年4期)
13.《藏语虚词的产生及其构成问题浅析》(《青海民族学院学报》 创刊号)
14.《藏语安多方言的特点及其成因》(《中国藏学》 2003年3期)
15.《三十颂和添性法的形成年代》(《西北民族大学学报》 2003年1期)
16.《论语言的民族性和文化性》(《西北民族大学学报》 2005年1期)
17.《藏语语料库的词性分类方法研究》(《青海师范大学学报》 2005年1期)
18.《简论藏传佛教后弘期教派创始人对寺院的管理》(《中国藏学》 2007年4期)
二. 主要著作
1.《贵德县铁瓦寺志》(海南州政协历史文献第二辑)
2.《藏文文法问答》(青海民族出版社 1993年4月)
3.《现代藏文语法通论》(甘肃民族出版社 2000年9月)
4.《论道德的谱系》(译)(甘肃民族出版社 2003年3月)
5.《留学生基础藏文教程》(上下)(青海民族出版社 2001年4月)
6.《藏族文字发展简史》(青海民族出版社 2005年12月)
7.《藏语语法研究》(青海民族出版社 2008年2月)
三. 承担的主要课题
1.藏传佛教寺院管理制度研究(中国藏学研究中心重点课题 第二参加人)
2.藏语语料库切分标注及其辅助工具研究(国家语委课题 第二参加人)
3.藏语句法研究(国家社会科学基金申报项目 主持人)
四. 主要荣誉
1.1989年获青海省青年教育科技新秀
2.1991年获青海省优秀教育工作者
3.1995年获青海省优秀教师
4.《语言是民族的灵魂》2000年获青海省第一届民族语言工作研讨会优秀论文一等奖
5.《藏文水平等级考试建议方案》2001年获青海省第二届民族语文工作研讨会优秀论文一等奖
6.《现代藏语语法通论》2001年获第四届甘肃省优秀图书奖和2002年全国优秀图书奖,2004年青海省首次高校葬文优秀教材文科类三等奖
7.《藏族文字发展简史》2006获年青海省第七次哲学社会科学优秀成果二等奖
དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་མཚམས་སྦྱོར་མདོར་བསྡུས།
ལྕགས་ཐར་རྒྱལ། མཚོ་སྔོན་ཁྲི་ཀ་རྫོང་གི་མི། དགེ་རྒན་ཆེན་མོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་སྤྱི་གཞོན་པ། བོད་རིག་པ་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་། བོད་སྐད་ཀྱི་ཆུ་ཚད་འཇལ་རྒྱུགས་ལྟེ་གནས་ཀྱི་འགོ་བ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དང་། མཚོ་སྔོན་ནང་བསྟན་སློབ་གླིང་གི་ཟེར་བཞེས་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་ས་གནས་ལོ་རྒྱུས་རྩོམ་འབྲི་ཁང་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་། མི་རིགས་དཔེ་སྐྲུན་ཁང་བཅས་ཀྱི་ཆེད་ཞུས་ཞིབ་འཇུག་པ་དང་དཔྱད་བརྗོད་པ་བཅས་ཡིན་ལ། སྔ་ཕྱིར་རིག་གཞུང་དཔྱད་རྩོམ༥༠ལྷག་དང་། བརྩམས་དེབ་བཅུ་ཕྲག་ལྷག་པར་སྐྲུན་བྱས་ཟིན་པ་དང་། རྒྱབ་ཁབ་རིམ་པའི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་འཇལ་བྱེད་ཀྱི་ཚད་གཞི་གཏན་འབེབས་བྱས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་རིག་གཞུང་ཞིབ་འཇུག་གི་ལས་གཞི༦གཙོ་སྐྱོང་བྱས་པ་དང་། ཞིབ་འཇུག་གི་དཔྱད་འབྲས༦ལྷག་ལ་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ་པ་དང་། དེ་ལས《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང》ལ་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ལས་བོད་ཡིག་ཞིབ་འཇུག་ཆེད་རྩོམ་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་བོ། །