信息编号:51 发布者:admin 发布时间:2016-06-12 21:04:40 关注:
糌酷教学资源网简介
རྩམ་ཁུག་བོད་ཀྱི་སློབ་ཁྲིད་ཐོན་ཁུངས་དྲ་བ་ནི་སྤྱི་ལོ་༢༠༡༡ལོའི་ལོ་འགོར་བོད་ལྗོངས་གམ་པ་རྫོང་སློབ་འབྲིང་གི་དགེ་རྒན་གྲོང་གཞིས་བྱམས་པས་འཆར་འགོད་དང་བཟོ་འགྲུབ་ཀྱི་གྲ་སྒྲིག་བྱས་ཤིང་།བོད་ལྗོངས་དེང་རིང་རྫོང་སློབ་འབྲིང་རྒན་ཚེ་རིང་དོན་གྲུབ་ལགས་དང་། ལྷ་ས་ཆུ་ཤུར་རྫོང་རྟ་དཀར་ཤང་སློབ་ཆུང་གི་རྒན་ཉི་མ་ཚེ་བརྟན་ལགས།གཉའ་ནང་རྫོང་སློབ་འབྲིང་གི་རྒན་འཇམ་དབྱངས་ཆོས་གྲགས་ལགས་སོགས་པའི་རྒན་ལགས་མང་པོའི་རྒྱབ་སྐྱོར་འོག་༢༠༡༡ལོའི་ཟླ་བ་༡༡པའི་ཚེས་༡༡ཉིན་དངོས་སུ་དྲ་ཐོག་ཏུ་ཤར་གཏོང་བྱས་ནས་ད་བར་ལོ་གསུམ་རིང་སློབ་ཁྲིད་འཆར་ཟིན་དང་།སྨྱན་མང་ཁྲིད་ཆས།བསྐྱར་སྦྱོང་དང་ཡིག་རྒྱུགས་དེ་མིན་སློབ་ཁྲིད་སྐོར་གྱི་རྒྱུ་ཆ་མང་པོ་ཞིག་གསོག་འཇོག་དང་།མཉམ་སྤྱོད་བྱས་པར་ལྗོངས་ཞིང་ལྔའི་སློབ་ཁྲིད་ཀྱི་གཡུལ་ས་མདུན་མར་ཕྱག་ལས་གནང་གིན་པའི་རྒན་ལགས་མང་པོའི་དགའ་བསུ་ཆེན་མོ་ཐོབ་ཡོད།
糌酷教学资源网由西藏岗巴县中学崇喜·强巴老师始建于2011年初,在西藏定日县中学次仁顿珠等几位老师的支持下,自2011年11月11日当天正式开通运行面向我区广大人民教师。它是集教学资讯、教案备课、教学课件、考试题库、复习资料为一身的西藏教育教学资源网站。
རྩམ་ཁུག་དྲ་བས་སྔ་ནས་ད་བར་བོད་ཀྱི་སློབ་གསོར་དོ་སྣང་དང་།སློབ་གསོའི་གཡུལ་ས་མདུན་མར་ཕྱག་ལས་གནང་གིན་པའི་རྒན་ལགས་རྣམས་ལ་ཞབས་འདེགས་ཞུ་རྒྱུ་རྩ་དོན་དུ་བྱས་ཏེ་བོད་དང་བོད་ཀྱི་སློབ་གསོ། དེ་བས་བོད་ཀྱི་དགེ་སློབ་ཚོགས་ལ་འཚམ་པའི་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་ཀྱི་གར་སྟེགས་ཤིག་བསྐྲུན་ཡོད།
网站本着“关注西藏教育、服务一线教师”为唯一宗旨及信念,长期致力于收集并制作西藏教学资源及素材,为求极力改善我区藏语文及区编教材教育教学资源匮乏的窘态,争取为我区广大教师搭建一个互动、互助、教育信息和教学资源共享的良好氛围及平台。
རྩམ་ཁུག་དྲ་བ་ཤར་གཏོང་བྱས་ནས་ད་རག་བར་མ་དངུལ་མ་འདེང་བ་དང་།སློབ་ཁྲིད་རྒྱུ་ཆ་དཀོན་པ་སོགས་ཀྱི་དཀའ་ངལ་མང་མང་ཞིག་ཁྱད་དུ་བསད་དེ་ཁྱར་ཁྱོར་སྒོས་དྲ་ཐོག་ཏུ་ལྷག་ཐུབ་པ་ནི་རྒན་ལགས་ཚོའི་ལྷག་བསམ་བཟང་པོའི་རྒྱབ་སྐྱོར་གྱི་བཀའ་དྲིན་ལས་མ་འདས། དེའི་ཕྱིར་འུ་ཅག་རྩམ་ཁུག་དྲ་བས་སྔར་ལས་ལྷག་པའི་འབད་འཐབ་ཀྱིས་རྩམ་ཁུག་དྲ་བ་འདི་ཉིད་བོད་ཁུལ་དུ་དམིགས་པའི་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་ཀྱི་སྟེགས་བུ་ཆེ་ཤོས་ཤིག་ཏུ་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན།
网站自开通运行以来也经历了许许多多的风风雨雨,遇到了种种困苦及坎坷,但是因为得到了广大教师及教育部们领导的诸多赞誉及支持网站顽强走到了今天。糌酷网诚挚感谢各位老师们及诸多领导对本站的关心和呵护,也希望各位一如既往给予本站更多的支持及关注,力求把糌酷网打造成全区最大的教学资源共享平台而共同努力。
དེ་རིང་རྩམ་ཁུག་དྲ་བས་སླར་ཡང་དྲ་གནས་གསར་པ་www.xzjxzy.comདང་། སྒྲོམ་གཞི་གསར་པ།ནང་དོན་གསར་པ་བཅས་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་དྲ་ཐོག་ཐོན་ཡོད་ཅིང་། དྲ་གནས་རྙིང་པ་ zamcuk.comཐོག་གི་ཚོགས་མིར་ཐོ་འགོད་དང་།ཡིག་ཆ་དྲ་ཐོག་ཏུ་སྤེལ་བ་སོགས་པའི་ཞབས་ཞུ་མཚམས་འཇོག་བྱ་རྒྱུ་ཡིན་པས། དེ་དོན་དགོངས་འཇགས་དང་།ཁྱད་པར་བརྒྱུད་སྒྲོག་གནང་རྒྱུའི་རེ་བ་ཡོད།
མཇུག་ཏུ་ཁྱེད་ནས་ངེད་རྩམ་ཁུག་དྲ་བ་དང་།དྲ་བའི་མ་འོངས་པའི་གཉེར་ཕྱོགས་ཐད་གཙིགས་ཆེའི་དགོངས་འཆར་གང་མང་མཁྱེན།
糌酷网(西藏教学资源网)已启用新域名www.xzjxzy.com。
网站所有数据没有变化,包括会员账号、密码及会员点卡余额。
原访问地址zamcuk.com将在2016-3-3停止会员注册、免费发布等服务,望相互转告。
同时也请您提出宝贵的建议。感谢您对运中的支持!
糌酷教学资源网
2014年9月3日
2012年11月11日正式开通西藏教学资源网。
2013年6月8号改版,正式面对中小学。
2013年11月20日开通手机网站成功。
2015年11月11日 2016版网站模板上线!
2016年3月2日 启用新域名xzjzzy.com
2016年5月19日 开放免费下载所有资源
|
|