3.28演讲|西藏百万农牧解放纪念日演讲
信息编号:117 发布者:admin 发布时间:2019-04-22 16:32:32 关注:
信息编号:117 发布者:admin 发布时间:2019-04-22 16:32:32 关注:
-
བདེ་སྐྱིད་ཀྱི་མེ་ཏོག་གངས་ལྗོངས་ས་མཐོར་བཞད།
སྔོན་ཐོན་གྱི་བསམ་བློ་མཁའ་ལམ་ཡངས་པོར་རྒྱུ།
------------ ༢༠༡༦ལོའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་དཀྲོལ་བཏང་བའི་དྲན་གསོའི་ཉིན་མོར།
ཉི་འོད་ནི་རང་བྱུང་ཁམས་ཀྱིས་གངས་ལྗོངས་ས་མཐོར་བསྩལ་བའི་བརྩེ་བ་དེ་ཡིན་ལ།
བཅིངས་དཀྲོལ་ནི་གུང་ཁྲན་ཏང་གིས་བོད་རིགས་མི་དམངས་ལ་གནང་བའི་བདེ་བ་ཆེ་ཤོས་དེ་ཡིན།
ས་མཐོའི་གྲུ་ཟུར་གང་ས་ན་བདེ་སྐྱིད་ཀྱི་མེ་ཏོག་འཛུམ་ཚེར་རེར་བཞད་ཐུབ་པ་དེ།
ཡངས་པའི་དགུང་སྔོན་དབྱིངས་ཀྱི་རྟ་བདུན་དབང་པོའི་ཟེར་གྱིས་བསྐྱངས་པའི་གཅེས་ཕྲུག་ཡིན་ལ།
དུས་ཀྱི་སྦྲང་ཆར་ཟིལ་མའི་ནུ་ཞོས་འཚར་བའི་དམན་ཆུང་དེ་ཡང་ཡིན།
རེད་ཡྰ། མཛེས་སྡུག་གི་ལང་ཚོ་གངས་ལྗོངས་ཀྱི་དཔལ་དུ་བཞད་ཡོད་ལ།
མཐུན་སྒྲིལ་གྱི་འདབ་མ་དགའ་བའི་འཛུམ་གྱིས་བཞད་ཅིང་།
གངས་རི་དང་རྩྭ་ཐང་། སྤང་གཤོང་། ཞིང་ཐང་། ཆུ་བོ་དང་གཙང་པོ་བཅས་གང་ས་ནས་དུས་ཀྱི་རྣམ་པ་གསར་པའི་དཔལ་ཡོན་ལ་བསྟོད་གླུ་གང་མང་ལེན།
ངོ་མ། དཀའ་སྡུག་གི་ལོ་ཟླ་ཕར་ལ་འབུད་ཅིང་།
བཙན་དབང་གི་འཕྱིང་རྒྱ་ལྷུག་པོར་དཀྲོལ་དུས།
ལོ་ངོ་བརྒྱ་གྲངས་རིང་བསྣར་བའི་བོད་ཀྱི་ཞིང་བྲན་མང་ཚོགས་རྣམས་རང་དབང་གི་མི་ཚེ་གསར་པ་ཞིག་བསྐྱལ་འགོ་བརྩམས།
དུས་དེ་ནས་གངས་ལྗོངས་ཀྱི་ཡུལ་ཀླུང་གང་སར་མི་རྣམས་འཚོ་བ་གསར་པར་ཕྱོགས་པའི་གོམ་སྟབས་བསྒྱུར་ལ།
ཁོང་ཚོས་རང་རང་གི་ངལ་བརྩོལ་ལ་བརྟེན་ནས་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་དམ་དུ་བཟུང་སྟེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་དུ་བསྐྱོད་འགོ་ཚུགས།
དེ་སྔ་བློ་ཡིད་ཀྱི་མིག་ཁ་དྭངས་མ་མྱོང་བའི་བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམས།
དུས་ད་ཆ་རྨོངས་པའི་མུན་པ་རིམ་གྱིས་སེལ་ནས་ཤེས་རིག་གི་འོད་སྣང་བཟང་པོས་བློ་ཡི་འཇིག་རྟེན་རྒྱན་པར་བྱས།
གྲོང་དང་གྲོང་ཁྱེར། གཞུང་ལམ་གྱི་གཡས་གཡོན། ལུང་ཁུག་གི་རི་ཟུར་བཅས་གང་ས་ནས་སྐར་ལྔའི་དར་དམར་ལྷབ་ལྷུབ་དུ་གཡོས་ལ།
དཔེ་ཀློག་གི་སྒྲ་དབྱངས་བསིལ་རླུང་དང་བཅས་ཏེ་སྒང་པ་བོད་ཀྱི་ཡུལ་མཆོག་འདི་ན་ཆེས་ཡིད་དབང་འགུག་པའི་འགྱུར་ཁུག་གཅིག་ཏུ་སྣང་།
རེད་ཡྰ། དེ་དག་ཐམས་ཅད་ནི་རང་གར་བྱུང་བ་ཞིག་གང་ནས་ཡིན་ལགས་ཏེ།
ཀྲུང་གོའི་གོང་ཁྲན་ཏང་གི་འགོ་ཁྲིད་བྱས་པའི་སྲིད་ཅུས་བཟང་པོའི་འོད་སྣང་འོག་ཏུ།
རྒྱ་ཆེའི་བོད་རིགས་མི་དམངས་རང་ཉིད་ཀྱི་བློ་གྲོས་ཀྱི་བརྩལ་དང་འཐབ་འཛིང་གི་ཉམས་འགྱུར་ལས་བྱུང་བའི་
གཟི་བརྗིད་ཀྱི་རྒྱལ་ཁ་དེ་ལགས།
ངོ་མ། མཚར་སྡུག་ཡིད་གར་འོངས་བའི་དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་འདིར།
ཚེར་མེད་ཞི་མཐུན་གྱི་ཁོར་ར་ཡངས་པོ་བགས་སུ་ཕེབས་ཤིང་།
འབྱོར་ཕྱུག་དཔལ་འབྱོར་གྱི་ནོར་རྫས་ལྷ་དང་མཉམ་ལ།
ཤེས་རིག་འོད་ཀྱི་སྣང་བས་བློ་ཡི་མུན་པ་སེལ་ཏེ།
གངས་ལྗོངས་སྐྱིད་པའི་ཡུལ་གྲུ་བདེ་ལ་འཁོད་པ་འདི་ལྟ་བུ་ནི།
ལོ་རྒྱུས་ཀྱི་གཟི་བྱིན་དང་། མི་རིགས་ཀྱི་སྤོབས་པ། འཇིག་རྟེན་སྐྱེ་བོ་ཀུན་གྱི་སེམས་ཀྱི་འདུན་པ་གཅིག་ཏུ་བཅོལ་བའི་ཡུན་ཅན་ཞིག་མ་ལགས་སམ།
དེས་ན། ང་ཚོས་རིག་པའི་བློ་སྟོབས་རྒྱས་ཤིང་། མཐུན་སྒྲིལ་གྱི་རྔ་སྒྲ་བརྡུང་སྟེ།
མ་འོངས་པའི་ལོ་ཟླའི་འཕེལ་རིམ་ཁྲོད་དུ། བདེན་འཚོལ་གྱི་མིག་ཟུང་ཡོད་དགོས་ལ།
ཡར་བརྩོན་གྱི་སྙིང་རུས་ལྡན་དགོས་ཤིང་། དུས་རབས་གསར་པའི་འཕོ་འགྱུར་གྱི་མཁའ་ལམ་ཡངས་མོར།
སྔོན་ཐོན་བསམ་བློའི་མི་བུ་སྐར་ཚོགས་བཞིན་གསོ་སྐྱོང་བྱ་དགོས་རྒྱུ་དེ་ཅིས་ནས་ཀྱང་ང་ཚོའི་འོས་འགན་ཞིག་མ་ལགས་སམ།
ཐུགས་རྗེ་ཆེ།
བོད་མེ་སྤྲེལ་ལོའི་བོད་ཟླ་༢པར།
|
|