您当前的位置:首页 > 教师资源 > 教师工作 > 主持演讲
四讲四爱演讲|四讲四爱藏语文演讲搞
信息编号:119 发布者:admin 发布时间:2019-04-23 11:23:14 关注:

    སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡི་གཏམ་བཤད།                     

    མཛའ་བརྩེ་དང་ལྡན་པའི་དབུ་ཁྲིད་རྣམ་པ་དང་རྒན་ལགས་རྣམ་པ། སློབ་གྲོགས་ལྷན་རྒྱས།           བདེ་ལེགས།
    རླབས་ཆེན་མ་ཡུམ་གུང་ཁྲན་ཏང་གིས་དཀའ་བ་ཁྲི་སྟོང་ཁྱད་བསད་ཀྱིས་རྒྱ་ཆེའི་ཀྲུང་གོའི་བུ་ཕྲུག་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་རང་ལུས་རང་དབང་དང་། རང་ཁྱིམ་རང་བདག་གི་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་དུ་འཁྲིད་གནང་མཛད་པས།  བདག་རང་དྲོ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེན་པོ་འདིའི་ནང་འཚར་ལོངས་བྱུང་བ་ནི་ངོ་མ་སྤོབས་སེམས་སྐྱེ་འོས་པ་ཞིག་རེད།  དེ་རིང་གུས་པས་སྤེལ་རྒྱུའི་གཏམ་བཤད་ཀྱི་ནང་དོན་ནི་སྣང་ཆེན་བཞི་དང་དགའ་ཞེན་བཞི་ལས།  སློབ་ཆུང་སློབ་མ་ཞིག་གི་ངོས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་ཁ་ནས་བཤད་ཤེས་པ་ཙམ་དང་བློར་འཛིན་ཐུབ་པ་ཙམ་གྱིས་མ་འགྲིག་པར།   རང་གི་བྱ་སྤྱོད་ཐོག་ནས་ལག་ལེན་ཐོག་དུ་འཁྱོལ་བ་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་པའི་སྐོར་ཡིན།  
              
     ༡.  ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པ་ནི།   ཏང་གི་བླ་་མེད་བཀའ་དྲིན་འོག་ང་ཚོ་ནི་བདེ་ཐང་དགའ་སྤྲོའི་ངང་འཚར་ལོངས་བྱུང་བ་ཡིན་པས། དང་ཐོག་དྲིན་ཚོར་བ་བྱ་རྒྱུ་ནི་བཟང་་སྤྱོད་ཀྱི་རྩ་བ་ཡིན།  འོ་ན་དྲིན་ལན་ཇི་ལྟར་འཇལ་འགོས་ཤེ་ན།  རང་ནུས་ཀྱི་བྱ་བ་ཆུང་ཙག་ནས་འགོ་འཛུགས་རྒྱུ་དེ་ཡིན།  དེ་ཡང་རང་འཁྲིའི་སློབ་སྦྱོང་ལ་ད་ལྟ་ནས་འབད་པ་ཆུ་མོའི་རྒྱུན་བཞིན་བསྟེན་ནས་ཏང་གི་བཀའ་དྲིན་གསོ་བའི་རྨང་གཞི་བརྟན་པོ་འཛུགས་རྒྱུ་དང་། གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་དྲོད་འཁོལ་ནང་ང་ཚོ་ཚང་མ་སྦྲང་རྩི་ལྟ་བུའི་འཚོ་བར་རོལ་ཐུབ་པ་བྱུང་བ་དག་ནི་དྲིན་ཆེན་ཏང་གི་སྐུ་དྲིན་ཁོ་ན་ལས་མ་འདས།  དེར་བརྟེན།  ང་ཚོ་སློབ་མ་མི་རེ་ངོ་རེས་སློབ་རའི་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་སློབ་གྲྭ་མཉམ་གཏོད་བྱ་རྒྱུ་ནས་འགོ་བརྩམས་སྟེ་ཏང་གི་དྲིན་ལན་འཇལ་སེམས་འཛུགས་རྒྱུ་དང་།  ཏང་གི་སྲོག་ཤིང་མེད་ན་ང་ཚོ་རྡོག་རྩ་གཅིག་ཏུ་བསྒྲིལ་མི་ཐུབ་པས།  ཏང་གི་སྲོག་ཤིང་གི་རིན་ཐང་ཤེས་རྟོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྲོགཤིང་་ལ་རྒྱབ་བསྐྱོར་མཐའ་གཅིག་ཏུ་བྱ་རྒྱུ།   སློབ་གྲའི་དབུ་ཁྲིད་དང་དགེ་རྒན་གྱི་བཀའ་ལ་སྲུང་བརྩི་ནན་ཏན་བྱེད་པ་ལས་དྲིན་ལན་ལོག་འཇལ་དང་རྒྱབ་གཏོད་ནམ་ཡང་བྱ་རྒྱུ་མེད།
             
      ༢. མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་ནི།   མཐུན་སྒྲིལ་ནི་འཕེལ་རྒྱས་ཀྱི་འགན་ལེན་ཉག་ཅིག་ཡིན་པ་སྔོན་བྱོན་མཁས་པ་མང་པོས་གསུངས་ཟིན།   ང་ཚོ་ཀྲུང་གོ་ནི་དེང་སྐབས་རྒྱལ་སྤྱིའི་ཐོག་སྲིད་འབྱོར་རིག་སོགས་གང་ཅིའི་ཐད་ནས་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་སྟོབས་ཆེའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་དེའང་ཏང་གི་ཡང་དག་སྣེ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་དམ་ཟབ་བྱས་པ་དང་ཁ་བྲལ་ཐབས་ག་ལ་ཡོད།  མེས་རྒྱལ་ཁྱིམ་ཚང་ཆེན་པོ་སྟོབས་འབྱོར་མངའ་ཐང་རྒྱས་དགོས་ཚེ་སྤུན་ཟླ་མི་རིགས་བློ་སེམས་གཅིག་མཐུན་ཡོང་དགོས། དེར་བརྟེན། ང་ཚོས་སྤོ་བོ་ཞིས་ཅིན་ཕིང་ལགས་ཀྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀའ་གསུང་ཅི་སྒྲུབ་དང་། སློབ་གྲྭའི་དབུ་ཁྲིད་ཀྱི་མཛུབ་སྟོན་དང་ལེན་བྱས་ཏེ་མཐུན་སྒྲིལ་ཡར་རྒྱས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོས་བསྒྲུབ་ཐུབ་པའི་འོས་འགན་ཞིག་རེད།
              
      ༣.  ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པ་ནི།   ཏང་དང་མི་དམངས་ཆེད་དུ་རང་ནུས་ཡོད་རྒུ་སྐྱེས་སུ་འབུལ་རྒྱུའི་སྙིང་སྟོབས་ནི་ཀུན་སྤྱོད་བཟང་པོ་ཞིག་རེད།   སྔོན་གཤེགས་དཔའ་བརྟུལ་ཚོས་རང་སྲོག་བློས་གཏོང་གིས་ད་ཆའི་ང་ཚོར་འཛད་མཐའ་མ་མཆིས་པའི་བདེ་སྐྱིད་བསྩལ་གནང་བ་རེད།  དེ་བཞིན་དུ་མི་རབས་རྗེས་མར་ཕུགས་ཀྱི་བདེ་བ་ཞིག་སྦྱིན་འདོད་ན།  ང་ཚོས་རང་གི་མིག་མདུན་འདོམ་གང་གི་ཁེ་ཕན་འབའ་ཞིག་དོན་གཉེར་ཙམ་གྱིས་ཚིམས་ནས་མ་བསྡད་པར།  མིག་རྒྱང་རིང་དུ་བསྲིངས་ནས་ཕ་ཡུལ་དང་མེས་རྒྱལ། དེ་བཞིན་མི་རབས་རྗེས་མར་བསམ་བློ་གཏིང་རིང་ཙམ་བཏང་ཐུབ་ཚེ། ད་གཟོད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་གོ་བ་ལོན་ཐུབ་པ་ཡིན་ཞིང་རང་གིས་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་སློབ་གྲྭ་ཐུན་མོང་དང་ཁྱིམ་གཞིས་འཛུགས་སྐྲུན་གྱི་སླད་དུ་གཟི་བརྗིད་བརྩོན་ལེན་བྱེད་ཐུབ་པ་བྱ་རྒྱུ་ནི་ང་ཚོ་སློབ་མ་ཞིག་གི་མིག་མདུན་གྱི་ལེགས་སྐྱེས་ཡིན།
             
               ༤.  ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པ་ནི།   ང་ཚོ་སློབ་མ་ཞིག་གི་ངོས་ནས་བརྗོད་ན་སྤྱི་ཚོགས་དང་ཐད་ཀའི་འབྲེལ་བ་ཆེར་མེད་མོད།  ཐུན་མོང་ལས་འགུལ་ནང་ཧུར་བརྩོན་གྱི་ཞུགས་མཁན་མི་སྣ་བཟང་པོ་ཞིག་དང་།   སློབ་རའི་ནང་དུ་མཐུན་ལམ་ཡག་པའི་སློབ་མ་ཚད་ལྡན་ཞིག   སྡེ་ཁུལ་དང་གྲོང་ཚོའི་ནང་དུ་ཡ་རབས་གུས་ཞབས་ལྡན་པའི་སྤྱི་འབངས་ཆུང་ཆུང་ཞིག   གྲོང་ཁྱེར་ནང་དུ་སྒྲིག་ཁུར་ཁྲིམས་སྲུང་གི་གྲོང་མི་ཡག་པོ་ཞིག་བཅས་བྱས་ནས།   ད་ལྟའི་འཚོ་བར་དགའ་ཞེན་དང་། ད་ལྟའི་གནས་བབས་ལ་དགའ་ཞེན།  ད་ལྟའི་སྲིད་ཇུས་ལ་དགའ་ཞེན་གྱིས་ཀུན་གྱིས་བསྔགས་པར་འོས་པའི་སྤྱི་འབངས་ཤིག་བྱ་རྒྱུ་དང་། ཤེས་དཔལ་དར་སྤེལ་དང་སྲོལ་ངན་རྡུང་འདེགས་གཏོང་མཁན་སློབ་ཕྲུག་ཡག་པོ་ཞིག་ཏུ་བརྩོན་ལེན་བྱ་རྒྱུ་ནི་ང་ཚོ་རང་གིས་སྤྱི་ཚོགས་དང་མི་དམངས་ལ་ཕན་འདགས་ཐུབ་པའི་སྤྱོད་བཟང་ཞིག་ཡིན། 
                མདོར་ན།     ཏང་གི་བཀའ་སློབ་ལེགས་སྒྲུབ་བྱ་རྒྱུ་ནི་ཕ་མ་སོགས་མི་རྒན་པ་ཚོ་ཁོ་ནའི་ལས་འགན་དུ་མི་བརྩི་བར།  ཆེན་པོ་མ་ཆགས་གོང་ལ་ང་ཚོ་རང་ཉིད་དང་འཚམས་པའི་དྲིན་ལན་འཇལ་སྟངས་དང་།  ལེགས་སྐྱེས་འབུལ་ཐབས།  ཤེས་དཔལ་གཏོད་ཐབས།   མཐུན་སྒྲིལ་བྱེད་སྟངས།   དགའ་ཞེན་བྱེད་ལུགས་སོགས་མིག་མདུན་དུ་གནས་མུད་ཡིན།  དེར་བརྟེན།  རང་རང་ས་ནས་དོན་རེ་བསྒྲུབས།  རང་རང་ས་ནས་སྐྱེས་རེ་འབུལ་ཐུབ་ཚེ།   དེ་ནི་དོན་དང་མཐུན་པའི་བྱ་བ་སྒྲུབ་སྟངས་འཁྲུལ་མེད་དེ་རང་དུ་ངེས་པས།  རྒྱང་རིང་ས་ནས་འབྲས་མེད་ཀྱི་ལད་མོ་དགོས་དོན་མེད།    
    གུས་པའི་གཏམ་བཤད་ཞུས་ཟིན།   ལྷན་རྒྱས་ཐུགས་རྗེ་ཆེ།   ནོར་འཁྲུལ་ཐོན་སྲིད་པས་སྐྱོན་བརྗོད་འཚལ།།
                                                                                                           
    སྤྱི་ལོ  ༢༠༡༩ ལོའི་ཟླ་བ  ༤  པའི  ༢༨   ཉིན།
糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图