您当前的位置:首页 > 教师资源 > 教师工作 > 主持演讲
四讲四爱演讲|四讲四爱藏语文诗歌朗诵稿子
信息编号:121 发布者:admin 发布时间:2019-04-23 11:26:56 关注:
    ཏང་གི་བཀའ་དྲིན་དྲན་གྱིན།  བློ་ཁ་ཏང་ལ་ཕྱོགས་པ།
    ཉི་འོད་ནི་རང་བྱུང་ཁམས་ཀྱིས་གངས་ལྗོངས་ས་མཐོར་བསྩལ་བའི་བརྩེ་བ་དེ་ཡིན་ལ།
    བཅིངས་བཀྲོལ་ནི་གུང་ཁྲན་ཏང་གིས་བོད་རིགས་མི་དམངས་ལ་གནང་བའི་དུང་བ་ཟབ་ཤོས་ཡིན།
    ས་མཐོའི་གྲུ་ཟུར་གང་ས་ན་བདེ་སྐྱིད་ཀྱི་མེ་ཏོག་འཛུམ་ཚེ་ལེར་རེར་བཞད་ཐུབ་པ་དེ།
    རྟ་བདུན་དབང་པོའི་དྲོད་ཀྱིས་བསྐྱངས་ཤིང་།
    སྦྲང་ཆར་ཟིལ་མའི་གཤེར་གྱིས་བརླན་པའི་བཀའ་དྲིན་ཡིན་ལ།
    དེ་བས།  གུང་ཁྲན་ཏང་གི་བྱམས་བརྩེའི་ཕྱག་ཟུང་གིས་གཉོར་བའི་དྲིན་གྱིས་ཡིན།།
     
    འདས་པའི་བགྲངས་བྱ་རེ་དྲུག་གི་གོང་ནས་བཟུང་།
    བོད་པ་ཚོས།
    བཙན་དབང་གི་འཆིང་རྒྱ་ལྷུག་པོར་བཀྲོལ་ཞིང་།
    དཀའ་སྡུག་གི་ལོ་ཟླ་ཕར་ལ་བསྐྲད་ནས།
    རང་དབང་རང་བདག་གི་བདེ་སྐྱིད་ལ་རོལ་ཞོར།
    བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་དམ་དུ་བཟུང་སྟེ།
    འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་དུ་བསྐྱོད་འགོ་ཚུགས།།
     
    དེ་བས།  འཁྱར་འཁྱོར་གྱི་གོམ་ཆུང་ལ་སྲ་ཚུགས་ཟིན་ཅིང་།
    ལྡབ་ལྡིབ་ཀྱི་ངག་སྒོ་ལས་གོ་དོན་འགྲོལ་ཙམ་གྱི་བྱིས་པ་ཞིག
    མཛེས་ཤིང་སྡུག་པའི་རྩྭ་ཐང་གི་ཕང་བ་ནས་ཐོན་ཅིང་།
    གནག་ཕྱུགས་ཀྱི་ངུར་སྒྲ་རིང་དུ་སྤུར་ལ།
    སྦྲ་ནག་གི་འཚོ་བ་རྒྱང་དུ་དོར་ནས།
    རེ་སྒུག་དང་སྤྲོ་བ་སྟོང་གིས།
    ཤེས་རིག་གི་རྒྱལ་ཁམས་མྱུལ་བའི་བསྐལ་བཟང་དེ་ཤར།
    དེ་དུས་ང་ལ།
    དབྱངས་གསལ་གྱི་དྲི་མ་མེད་ལ།
    སྐྱེ་སྟོབས་ཀྱི་རལ་གྲིའང་མེད་མོད།
    དེ་དུས། ང་ཚོར།
    མི་རིགས་སྲིད་ཇུས་ཀྱི་ཉི་ཟེར་རིས་མེད་དུ་འཕྲོས་ཤིང།
    དགེ་བའི་བཤེས་གཉེན་གྱིས་དུང་བ་ཡལ་མེད་དུ་བཅངས་པས།
    རྒྱང་རིང་གི་ཕུགས་བསམ་མེད་ཅིང།
    སྐབས་འཕྲལ་གྱི་སྡུག་བསྔལ་ཡང་མེད་པའི་ང་རང་།
    བཤེས་གཉེན་གྱི་དུང་བ་དྲོན་མོ་དང་ན་ཟླ་ཚོའི་འཛུམ་བག་མཚར་པོའི་ཁྲོད།
    བསམ་མེད་ཀྱི་རྣམ་ཤེས་ཕྲ་མོ་ཀ་མད་སུམ་ཅུའི་འཆིང་ཐག་ལ་འཁྱུད་པའི་བསྐལ་བ་ཤར།
     
    ད་ཆ།
    བྱང་ཚད་སློབ་གསོ་ཡི་འོད་སྣང་འཛམ་གླིང་གི་ཡང་རྩེ་ན་འཕྲོ་སྐབས།
    ང་རང་།
    གངས་དཀར་ལྷུན་པོའི་འདབས་ན་འཚོ་བཞིན།
    མི་ཚེའི་ཁ་ཕྱོགས་མ་རྙེད་པའི་བྱིས་པ་འགར།
    ཤེས་རིག་གི་སྒྲོན་མེའི་འོད་སྣང་སྤྲོད་སྐབས།
    གཟི་བརྗིད་ཀྱི་སྣང་བས་ལུས་སེམས་ཡོངས་སུ་ཁྱབ།
    རྗེས་ལུས་དང་བག་འཁུམས་ཀྱིས་མནར་བའི།
    རི་གྲོང་གི་འཚོ་བའི་འཆིང་ཐག
    སློབ་གསོའི་སྲིད་ཇུས་བཟང་པོའི་རལ་གྲི་རྣོན་པོས།
    འཚལ་བར་གཤགས་པས།
    སློབ་གླིང་གི་མེ་ཏོག་ལྡུམ་ར་ན།
    གར་ལ་རྩེན་པའི་གཡུ་སྦྲང་བུང་བ་ཁྱུ་དང་ཁྱུ།
    དགའ་བདེའི་དཔལ་ལ་རོལ་བ་མིག་ལམ་དུ་མངོན་སྐབས།
    ཞོགས་པའི་ཉི་གཞོན་འདྲ་བའི་བྱིས་པ་ཚོའི།
    མ་འོངས་འཚོ་བ་རེ་བས་མི་ཁེངས་ཅི་ལ་སྲིད།
     
    བསམ་བཞིན་བསམ་ན།
    སྒྲོན་མེའི་དཔེ་ཟླར་འོས་པའི་བཤེས་གཉེན་དག་གི་ཟོལ་མེད་བཀའ་དྲིན་མེད་ན།
    ཕ་མཐའ་ཡས་པའི་རྩྭ་ཐང་གྲུ་བཞི་ངའི་ཕ་གཞིས་ཡིན་ངེས་ལ།
    བགྲངས་ལས་འདས་པའི་ནོར་ལུག་དཀར་ནག་ངའི་འཚོ་རྟེན་ཉག་ཅིག་དེ་ཡིན་ངེས།
    དེ་བས།
    ཉི་ཟླ་ལྟ་བུའི་ཏང་སྲིད་བཟང་པོའི་འཕྲིན་ལས་ཀྱི་འོད་སྣང་མེད་ན།
    རྗེས་ལུས་བག་འཁུམ་གྱི་འཁྱགས་རོམ་ཆེན་པོ་བཞུར་མི་སྲིད་ལ།
     
    དེའི་ཕྱིར། མནོ་བསམ་དང་ཕྱིར་དྲན་གྱི་ཀློང་དུ།
    རྣམ་ཤེས་ཕྲ་མོ།
    སླར་ཡང་ཀ་མད་སུམ་ཅུའི་འཆིང་ཐག་ལ་འཁྱུད།
    སྒྲོན་མེའི་དཔེ་ཟླར་འོས་པའི་བཤེས་གཉེན་དག་གི་བྱམས་བརྩེའི་བཞིན་རས།
    ཡིད་ཀྱི་ཡོལ་བའི་ངོས་དུ་ལྷང་ལྷང་དུ་དྲན་ཅིང་།
    ཉི་ཟླའི་གཟི་བྱིན་ལ་འགྲན་བཟོད་པའི་གུང་ཁྲང་ཏང་གི་བཀའ་དྲིན།
    སེམས་ཀྱི་མེ་ལོང་ངོས་ནས་ནམ་ཡང་བསུབ་ཏུ་མེད།
     
    བདེ་སྐྱིད་ཀྱི་མེ་ཏོག་གངས་ལྗོངས་ཀྱི་དཔལ་དུ་བཞད་ཅིང་།
    མཐུན་སྒྲིལ་གྱི་འདབ་མ་བོད་ལྗོངས་ས་མཐོར་ཕྱེ་དུས།
    གངས་རིའི་འདབ་དང་རྩྭ་ཐང་གི་དབུས།  གཙང་པོའི་འགྲམ་དང་ཞིང་ཐང་གི་དཀྱིལ།
    གང་ས་གང་ན་དགའ་སྟོན་གྱི་ཡོ་ལང་རྒྱས་ཤིང་།
    དགའ་སྤྲོ་ཡི་གླུ་སྒྲས་བར་སྣང་མི་འགེངས་པ་ཅི་ལ་སྲིད།
    མཚར་སྡུག་ཡིད་གར་འོངས་བའི་དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་འདིར།
    དྲང་བཞག་ཁྲིམས་སྐྱོང་གི་ཉི་ཟླ་མཁའ་ལ་འཕགས་ཤིང་།
    རང་དབང་འདྲ་མཉམ་གྱི་འདབ་བརྒྱ་ས་བཞད་ལ།
    ཤེས་དཔལ་ཞི་མཐུན་གྱི་སྦྲང་ཆར་དུས་སུ་འཇོ་དུས།
    དམངས་གཙོའི་ཁོར་ར་ཡངས་པོ་བགས་སུ་ཕེབས་ཤིང་།
    འབྱོར་ཕྱུག་གི་སྐྱེད་ཚལ་ཆེན་པོས་སུམ་རྩེན་གནས་ལའང་འགྲན་བཟོད་པ་འདི་ལྟ་བུ་ནི།
    ལོ་རྒྱུས་ཀྱི་གཟི་བྱིན་དང་།  མི་རིགས་ཀྱི་སྤོབས་པ།  མི་དམངས་ཀྱི་འདུན་པ་ཉག་ཅིག་དེ་ཡིན་ངེས།
    དེས་ན།   ང་ཚོས་སློབ་གསོ་ལྔ་ཟབ་སྤེལ་གྱི་དུང་ཆེན་འབུད་ཅིང་།
    འདུ་ཤེས་ལྔ་ཟབ་གཏོང་གི་རྔ་སྒྲ་དཀྲོལ་ཏེ།
    སྲོལ་རྒྱུན་གྱི་རོལ་དབྱངས་སྙན་མོ་དང་།
    སྲོལ་རྒྱུན་གྱི་གར་སྟབས་ལྷིང་པོས།
    ཀྲུང་གོ་གུང་ཁྲན་ཏང་ལ་བསྟོད་ཅིང་།
    རྒྱལ་ཁབ་དང་མི་དམངས་ལ་བསྟོད་པའི་གླུ་གར་རོལ་ལོ།
     
糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图