您当前的位置:首页 > 教师资源 > 教师工作 > 主持演讲
主持词| 教育系统庆祝西藏自治区成立50周年暨第31个教师节文艺汇演主持词
信息编号:122 发布者:admin 发布时间:2019-04-23 11:36:11 关注:
    ***县教育系统庆祝西藏自治区成立50周年暨第31个教师节文艺汇演主持词
    开场词
    女:尊敬的各位领导、给未来宾,亲爱老师、朋友们,大家下午好!
    བུ༽གུས་པར་འོས་པའི་དབུ་ཁྲིད་རྣམ་པ་དང་།  རྒན་ལགས་རྣམ་པ།  རྒྱ་ཆེ་བའི་གཟིགས་མོ་བ་ལྷན་རྒྱས། 
                                                                                                      དགོང་དྲོ་བདེ་ལེགས།
    女:西藏自治区成立50周年以来,在古老而神奇的西藏大地创造出经济社会发展几十年跨越上千的奇迹。
    站在自治区成立50周年的历史节点上,俯瞰今日西藏,一副全面建成小康社会的图画,在这片离太阳最近的土地上徐徐展开。
    བུ༽བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༥༠སོང་རིང་། ལོ་རྒྱུས་རིང་ཞིང་ངོ་མཚར་ཆེ་བའི་བོད་ལྗོངས་ས་མཐོར་རིག་གནས་དང་། སློབ་གསོ། དཔལ་འབྱོར་གང་ས་ཅི་ཐད་ན་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ལ། གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་རླབས་ཆེན་བྱུང་ཡོད།
    ལོ་ངོ་ལྔ་བཅུའི་རྗེས་ཀྱི་དེ་རིང་། ང་ཚོས་འདས་སོང་གི་ལོ་རྒྱུས་ལ་རྗེས་དྲན་བྱས་ལ། ད་ལྟའི་བོད་གསར་ལ་ལོངས་སྤྱོད་བྱེད་ཞོར།  མ་འོངས་པའི་བོད་ལྗོངས་མངའ་ཐང་རྒྱས་ཕྱིར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད།
    女:在这秋高气爽,硕果飘香的九月,在这激动人心的五十大庆的节点上,我们高兴地迎来了第31个教师节。
    བུ༽ཞིང་ཐང་གྲུ་བཞིས་དམར་སེར་གྱི་གཟབ་མཆོར་སྤྲས་ཤིང་།
    ནོར་འཛིན་བུ་མོས་ངུར་སྨྲིག་གི་འཆོར་གོས་ཀླུབས་པའི་འབྲས་ལྡན་གྱི་དུས་འདིར།   ང་ཚོས་མི་སེམས་འགུལ་ བའི་ལྔ་བཅུའི་དུས་སྟོན་ལ་རོལ་ལ།     དེ་བས་སྐབས་སོ་གཅིག་པའི་དགེ་རྒན་དུས་ཆེན་ལ་བསུས་ཡོད།
    女:尊敬的老师,辛勤的园丁,您用孜孜不倦的劳动哺育祖国的花朵。
    敬爱的老师,慈祥的长者,您用无怨无悔的奉献托举明天的太阳。
    བུ༽གུས་པར་འོས་པའི་དགེ་རྒན་ལགས།  
    ཁྱེད་ནི་མཐོ་སྒང་ན་འཚེར་བའི་སྐར་མ་འོད་ཆེན་ཞིག་དང་འདྲ་བར།
    རང་ཉིད་ལ་མངའ་བའི་ཤེས་ཡོན་གྱི་འོད་ཟེར་ཕྲ་མོ།
    ཞིང་ཁུལ་སློབ་གསོའི་བྱ་གཞག་སླད་ཕངས་མེད་དུ་སྦྱིན་ལ།
    ཁྱེད་ནི་གངས་ལྗོངས་ན་གསལ་བའི་ནོར་བུ་འོད་འཁྱིལ་ཞིག་སྟེ།
    ཐལ་རྡུལ་དང་འདྲེས་པའི་བྱིས་པ་སྣབས་ལུད་ཅན་དང་། 
    ཐལ་རྩེད་ལ་འཁྲུལ་བའི་བུ་མོ་བསམ་མེད་དག་ལ།
    ཁ་ངོ་བསུ་བའི་སྙན་གཏམ་རེ་འབྱིན་ཞིང་།
    བློ་སྒོ་འབྱེད་པའི་ཤེས་རིག་གི་ལྡེ་མིག་བསྩལ།།
    女:在这此时此刻我们用诚挚的情感祝愿所有老师——节日快乐!
    与此同时,也祝愿我们的教育事业高歌猛进,再谱华章!
    བུ༽མཚམས་འདི་ནས་ངས་གནམ་འོག་གི་སློབ་བུ་ཡོངས་ཀྱི་ཚབ་ཞུས་ནས་ས་ཕྱོགས་གང་སར་སློབ་གསོའི་ཕྱག་གནང་བཞིན་པའི་དགེ་བའི་བཤེས་གཉེན་རྣམ་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་བཅས་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་།   སླད་ཕྱིན་ལོ་ཟླའི་ནང་ཁྱེད་རྣམ་པ་སྐུ་གཟུགས་ཉི་མའི་དཀྱིལ་འཁོར་ནག་ནོག་གི་དྲི་མས་མ་འགོས་པར་སློབ་གསོའི་མཁའ་དབྱིངས་ཆེན་པོ་ན་འོད་འཚེར་ལེར་བཞུགས་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图