主持词 | 毕业晚会藏汉双语主持词མཐར་ཕྱིན་དགོངས་ཚོགས་ཀྱི་གཙོ་སྐྱོང་ཚིག
信息编号:123 发布者:admin 发布时间:2019-04-25 17:07:44 关注:
信息编号:123 发布者:admin 发布时间:2019-04-25 17:07:44 关注:
-
སློབ་འབྲིང་ལོ་རིམ་དགུ་པའི་མཐར་ཕྱིན་མཚན་ཚོགས་ཀྱི་གཙོ་སྐྱོང་མདོ་ཚིག
初三毕业晚会主持词 开场白
བུ། མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་བློ་སེམས་དཀར་བའི་དབུ་ཁྲིད་རྣམ་པ་དང་། ལས་རྒྱུ་འབྲས་ཀྱི་འདུ་ཤེས་བརྟན་པའི་ཁྱིམ་བདག་རྣམ་པ།
女:尊敬的各位领导 各位家长
བུ། གཞན་ཕན་གྱི་ལྷག་བསམ་དང་བརྩེ་བ་བླ་རུ་བཀུར་བའི་དགེ་བའི་བཤེས་གཉེན་རྣམ་པ་དང་། ཤེས་བྱའི་ལང་ཚོ་སྟོབས་ཀྱིས་སྨིན་པའི་འདིར་ཚོགས་ཀྱི་སློབ་གྲོགས་རྣམ་པ། ཁྱེད་རྣམ་པ་དགོང་མོ་བདེ་ལེགས།
女:亲爱的老师和同学们 大家晚上好!
ཀ དོ་ནུབ་ང་ཚོས་སྙན་མོ་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་འདས་པའི་བགྲང་བྱ་གསུམ་གྱི་ལོ་ཟླར་ཕྱིར་དྲན་བྱེད་ལ། དོ་ནུབ་ང་ཚོས་མཛེས་པོ་གར་གྱི་སྟངས་སྟབས་ལ་བརྟེན་ནས་༢༠༡༨ལོའི་མཐར་ཕྱིན་སློབ་མ་རྣམས་ལ་ཕེབས་སྐྱེལ་ཞུ།
女:月有盈晴圆缺,人有悲欢离合,此时此刻,我们每个人带着喜悦的心情,带着丝丝离别的伤感和愁绪,忍着离别的泪水,相聚在这里。
བུ། མི་ལོ་གསུམ་གྱི་ཡར་སྔོན་དུ། ཚེ་རབས་གཅིག་གི་ལས་སྨོན་ལས་ང་ཚོ་མཛེས་སྡུག་ལྡན་པའི་***སློབ་འབྲིང་དུ་འཛོམས་ཤིང་། དཔེ་ཆ་དང་སྨྱུག་གུ་གྲོགས་སུ་བཀུག་ལ། དགེ་རྒན་དམ་པ་སྤྱི་བོས་བཀུར་ནས། རིག་ལམ་གྱི་རྒྱལ་ཁམས་སུ་མྱུལ་བའི་སྐལ་བཟང་འདི་ཤར།
女:在***中学美丽的校园里,在清凉的晚风中,我们欢聚一堂。如果说当初的相遇是为了寻求知识,那么今天的相识则是为了实现理想,大展宏图。
བུ། ཛ་དྲག་གི་འབྲིང་རྒྱུགས་ལ་དམིགས་པའི་བསྐྱར་སྦྱོང་གི་བརྒྱུད་རིམ་ནང་། ཁྱེད་ཚོ་སློབ་མ་མི་རེ་སོ་རེས་དཀའ་སྡུག་གི་མདུན་དུ་སྙིང་སྟོབས་མ་ཉམས་ཤིང་། སྤོབས་པ་ཆེར་བསྐྱེད་ཀྱིས་འབྲིང་རྒྱུགས་བསུས་ཤིང་། འབྲིང་རྒྱུགས་ལ་ཞུགས་པ་ཁོ་རང་མ་ཡུམ་སློབ་གྲྭར་ཕུལ་བའི་དྲིན་གཟོ་ཆེ་ཤོས་ཤིག་དང་། ལེགས་སྐྱེས་བཟང་ཤོས་ཤིག་ཡིན།
A:在艰苦的中考备考中,同学们用坚强的意志和过硬的作风,向学校交上一份出色的答卷。
བུ། མཚམས་འདི་ནས་ང་ཚོས་སྤྲོ་སེམས་འཁོལ་པོས་ངེད་***སློབ་འབྲིང་ནས་བདེ་བླག་ངང་མཐར་ཕྱིན་པའི་སློབ་མ་རྣམས་ལ་བཀྲ་ཤིས་རྟེན་ཞུ་རྒྱུ་ཡིན་ལ། དེ་བས་ཁོ་ཚོའི་དོན་དུ་དཀའ་སྤྱད་སྡུག་རུས་གནང་མཁན་གྱི་རྒན་ལགས་རྣམས་ལ། སྐུ་ལས་ཁག་སོང་ཞུ་རྒྱུ་ཡིན།
B:在这里,让我们用最热烈的掌声,向为学生付出无数心血的老师们说一声“您辛苦了”!
བུ། ལོ་ངོ་གསུམ་གྱི་རིང་ལ་ཁྱེད་ཚོ་སློབ་མ་ཚོས་འཚོལ་ཞིང་སྙེགས་པ་ནི་གསེར་མདོག་གི་རེ་སྨོན་ཡིན་ལ་ང་ཚོ་དགེ་རྒན་ཚོས་དྲན་ཞིང་དམིགས་པ་ཡང་མཐིང་མདོག་གི་རྨི་ལམ་ཡིན། ལོ་ངོ་གསུམ་གྱི་འབྲེལ་འདྲིས་ལས་ལྷག་པའི་བརྩེ་བ་ཞིག་ཡོད་མི་སྲིད་ལ། ལོ་ངོ་གསུམ་གྱི་སྦྱངས་བརྩོན་ལས་འཕགས་པའི་འབྲས་བུ་ཞིག་གང་ན་ཡོད།
A:今天,我们为三年的初中生活画上了一个圆满的句号。今天,我们将开始一个美好的未来,我们不必感伤,时间与空、阻隔不了我们心与心的相连。
བུ། དོ་ནུབ་ང་ཚོས་སྙན་པོའི་གླུ་ལེན་ཞིང་མཛེས་པའི་གར་འཁྲབ་སྟེ། མཐར་ཕྱིན་བུ་སློབ་རྣམས་ལ་གཡུར་དུ་ཟ་བའི་འབྲས་བུ་ཐོབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
A:春种一粒粟,秋收万颗子。在这个收获的季节里,让我们用最动听的歌声、用最优美的舞姿恭候各位同学凯旋而归的佳音。
女:首先请全体起立,奏唱《国歌》
བུ། ལྷན་རྒྱས་མར་བཞུགས་རོགས།
བུ། དོ་ནུབ་ཀྱི་མཐར་ཕྱིན་མཛད་སྒོར་ཕེབས་པའི་སྐུ་མགྲོན་ལ།
女:出席今晚毕业典礼的嘉宾有
女:
བུ།
女:
བུ།
女: 以及全体在家县级领导 掌声欢迎你们的到来
དབུ་ཁྲིད་ལྷན་རྒྱས་མཛད་བྲེལ་གྱི་ཁྲོད་ནས་དོ་ནུབ་ཀྱི་མཛད་སྒོར་ཕེབས་གནང་བར་བཀའ་དྲིན་ཆེ་ཚད་མེད་ཞུ་རྒྱུ་ཡིན།
女:有请 致词
བུ། གཤམ་ནས་ མཐར་ཕྱིན་མཛད་སྒོའི་ཤིས་ཚིག་སྒྲོན་གནང་རྒྱུ།
节目串词
节目一 初三学生连唱
女:“今天是个好日子,醉人的光阴不能等。”“今天是个好日子,心想的事儿都能成。下面有请毕业生代表带来的联唱。掌声有请。
节目二 初三2班舞蹈《欢乐鼓舞》
ས་ཡངས་པོ་མཚར་སྡུག་ལྡན་པ་དེ། ན་གཞོན་ང་ཚོའི་བྲོ་ར་ཡིན། རྩྭ་ཐང་ཆེན་པོ་མེ་ཏོག་ཁྲ་ཆིལ་དེ། ན་གཞོན་ང་ཚོའི་སྐྱིད་གླུ་ལེན་ས་རེད། དུས་སྐྱིད་པོ་བདེ་བའི་ལོངས་སྤྱོད་འདི། ན་གཞོན་ང་ཚོའི་བསོད་ནམས་རེད། ན་གཞོན་ཚོ། འཁྲབ་ཤོག
གཤམ་ནས་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་མ་ཚོས་འཁྲབ་པའི་སྐྱིད་པའི་བྲོ་གར་ཞེས་པའི་ཞབས་བྲོ་ཞིག་ལ་དགྱེས་གཟིགས་གནང་རོགས།
节目三 初三3班
青春是快乐的,青春是激情奔放的,让我们带着青春的快乐与激情飞扬吧! 下面请欣赏初三3班带来的独唱《相聚之夜》。掌声有请
节目四 县幼儿园舞蹈、
中华民族源远流长,炎黄子孙绵延不绝,大中华,是我们的家,大中华,是我们的根。请欣赏县幼儿园带来的舞蹈的《大中华我的家》。
节目五 独唱
下面有请初三2班带来的演唱歌曲《拉萨》掌声有请
节目六 毕业班老师带来的诗歌
སློབ་གྲོགས་རྣམ་པ། ཁྱོད་ཚོ་ནི་མ་ཡུམ་སློབ་གྲྭའི་མཛེས་སྡུག་ཡིན་པས། སོང་ས་བསྡད་ས་ནས་ཁྱོད་ཚོས་བརྗེད་མི་རུང་བ་ནི་མ་ཡུམ་སློབ་གྲྭས་གནང་བའི་གདམས་པ་ཡིན་ལ། ཉལ་ས་ལངས་ས་ནས་ཁྱོད་ཚོས་བོར་མི་རུང་བ་ནི་དྲིན་ཆེན་དགེ་རྒན་དག་གིས་བསྩལ་བའི་བསླབ་བྱ་ཡིན།
དུས་དེ་རིང་ཁྱོད་ཚོས་ཁྲ་ཆུང་མིག་གིས་བལྟ་ས་ནི་མཛེས་སྡུག་སྟོང་ཕྲག་གིས་བརྒྱན་པའི་དགེ་བའི་བཤེས་གཉེན་དག་ཡིན་ལ། ཁྱོད་ཚོས་གོར་མོ་རྣ་ཡིས་གསན་དགོས་པ་ཡང་དགེ་བའི་བཤེས་གཉེན་ཚོས་གནང་བའི་སེམས་གཏམ་ཡིན།
མཚམས་འདིར། སློབ་ཐོན་འཛིན་གྲྭའི་རྒན་ལགས་ཡོངས་ནས་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཡོངས་ལ་གྱེས་ཁའི་སྙིང་གཏམ་དྲོན་མོ་རེ་གསུང་རྒྱུ་ཡོད་གསུངས་གནང་གིན་འདུག དེས་ནས་གཤམ་གནས་མཐར་ཕྱིན་འཛིན་གྲྭའི་རྒན་ལགས་ལྷན་རྒྱས་སྡིངས་ཆའི་ཐོག་ཕེབས་རོགས་གནང་།
环节一:
ངོ་མ། སློབ་གྲོགས་ཚོ། མི་ལོ་གསུམ་གྱི་ཡར་སྔོན་ལ། ཁྱོད་ཚོ་ཡུལ་ཕྱོགས་སོ་སོ་ནས་སློབ་གྲྭ་འདིར་འདུས་ཤིང་། སློབ་འབྲིང་གི་འཚོ་བའི་ཁྲོད་དགེ་རྒན་རྣམ་པའི་བྱམས་བརྩེའི་ཐུགས་ཁུར་དྲོན་མོའི་འོག ཤེས་རིག་གི་མངར་ཁ་མྱོང་བཞིན། ལང་ཚོའི་གཉོམ་ལག་རྒྱས་ལ། བློ་སྟོབས་ཀྱི་ཁོ་ལག་རྒྱས་ཟིན། ད་ནི་གྱེས་བྲལ་གྱིས་དུས་སླེབས་ཤིང་། ཁ་སང་གི་ཡོད་ཚད་ལོ་རྒྱུས་ཀྱི་དྲན་གསོར་གྱུར་ཟིན། དེས་ན་གཤམ་ནས་སློབ་མ་ཉི་མ་དབང་འདུས་ཀྱིས་བླངས་པའི་སྒྲོན་མེའི་འོད་སྣང་ཞེས་པའི་གླུ་དབྱངས་ཀྱི་ཁྲོད་དུ་ང་ཚོའི་གཅེས་པའི་འོས་པའི་རྒན་ལགས་རྣམས་ལ་བཀའ་དྲིན་ལེགས་གསོལ་གྱི་མཇལ་དར་རེ་སྒྲོན་ན་གང་འདྲ་འདུག
ཐུགས་རྗེ་ཆེ། སློབ་ཕྲུག་ཚོ། འཇིག་རྟེན་ཁ་དཔེ་ལ༼འཛོམས་པ་མི་ཡི་ལས་དབང་། བྲལ་བ་འཇིག་རྟེན་ཆོས་ཉིད༽ཟེར་བ་ལྟར། མཛའ་མཐུན་གྱི་འཛིན་ཁང་གཅིག་ལ་འཁོར་བའི་ང་ཚོ་འདུ་བྲལ་གྱི་སྟོན་རླུང་འདི་དང་ལྷན་དུ། རང་རང་གི་དམིགས་བྱ་ཞིག་ཞིག་གི་རྡོག་ཐོན་ལ་གྲབས་དགོས་ཤིང་། གྱེས་བྲལ་གྱི་ལས་དབང་ལྡོག་དཀའ་ཡང་། ང་ཚོའི་མཐུན་ལམ་གྱི་མཛའ་བརྩེ་སློབ་གླིང་གི་སྒོ་རའི་ངོས་སུ་ཟུབ་མེད་དུ་གནས་ངེས་ལ། ཁྱེད་ཚོའི་ཁ་ངོ་རེ་རེ་རྒན་ལགས་ཚོའི་སེམས་ཁོང་ན་ནམ་འཚོའི་བར་གནས་ངེས་རེད།
节目七 初三4班舞蹈
***སློབ་འབྲིང་ནི་འུ་ཅག་གི་འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་གཞིས་ཡིན་ལ། ང་ཚོས་ནམ་ཡང་རེ་དོགས་དང་དུང་སེམས་ཀྱིས་འབྲལ་མི་ཕོད་པའི་ཕ་ས་དེ་རེད།
གཤམ་ནས་མཐར་ཕྱིན་འཛིན་གྲྭ་བཞི་པའི་སློབ་མ་ཚོ་འཁྲབ་པའི་ བདེ་སྐྱིད་ཀྱི་ཁྱིམ་གཞིས། ཞེས་པའི་ཞབས་བྲོ་ཞིག་ལ་དགྱེས་གཟིགས་གནང་རོགས།
节目八 初三一班
下面有请初三班1带来的演唱歌曲《一个像夏天一个像秋天》 掌声有请。
节目九 独唱《家长代表》
无论天涯海角,我们对祖国都有一种不解的情怀,都会深藏着一颗依恋之心。叫中国心。下面有请家长代表琼达同志,为大家演唱歌曲《我的中国心》
节目十 县完小 舞蹈 《舞动青春》
健康是福,让我们每个人一起跳出健康,跳出快乐,跳出青春的风采。请欣赏县完小带来的舞蹈《舞动青春》
环节二; ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། བློ་ཁ་ཏང་ལ་ཕྱོགས་ཤིང་། ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས། ཏང་དང་མི་དམངས་ལ་ཕན་པའི་སློབ་མ་ཡག་པོ་ཞིག་དང་། མི་སྣ་བཟང་པོ་ཞིག་ཆགས་པ་བྱེད་དགོས།
གཤམ་ནས་མང་ཚོགས་ཀྱི་འཐུས་མི་གུར་མེ་ཤང་གུར་མེ་གྲོང་ཚོའི་ཅོག་ནོར་བུ་ལགས་ཀྱིས་ང་ཚོ་མཐར་ཕྱིན་འཛིན་གྲྭས་གཙོས་རང་སློབ་གྲྭའི་སློབ་མ་ཡོངས་ལ་གནང་བའི་སྣང་ཆེན་བཞི་དང་། དགའ་ཞེན་བཞིའི་གཙོ་དོན་སློབ་གསོའི་སྐོར་གྱི་འཆད་ཁྲིད་ཐུང་ངུ་ཞིག་ལ་གསན་རོགས།
བཀའ་དྲིན་ཆེན། ངོ་མ། རྒྱལ་ཁབ་གཅིག་གི་དར་རྒུད་ནི་སྤྱི་འབངས་ཚང་མ་དང་འབྲེལ་བ་ཡོད་གཤིས། ང་ཚོས་ཀྱང་རླབས་ཆེའི་མེས་རྒྱལ་སྔར་བས་དར་རྒྱས་གོང་འཕེལ་ཡོང་ཆེད། ད་ལྟ་ནས་བཟུང་སློབ་སྦྱོང་ལ་འབད་པ་ཧུར་ཐག་བྱེད་དགོས། ང་ཚོ་སློབ་འབྲིང་སློབ་མ་ཞིག་ཡིན་པའི་ཆ་ནས།
ང་ཚོས་ངེས་པར་དུ་སློབ་གྲྭའི་ནང་དུ་ཡ་རབས་གུས་ཞབས་དང་། དྲང་གཞག་ཡིད་རྟོན་གྱི་སློབ་མ་བཟང་པོ་ཞིག་དང་། ཕྱི་རུའང་ཁྲིམས་སྲུང་རྒྱལ་གཅེས་ཀྱི་སྙིང་སྟོབས་ལྡན་པའི་སྤྱི་འབངས་ཚུལ་ལྡན་ཞིག་བྱེད་དགོས།
节目十一 独唱 《团县委拉珍》
莎士比亚说,青春是一个短暂的美梦,当你醒来时,它早已消失无踪,如何让你的青春保留长点,不妨听下面这首县团委拉珍带来的青春歌曲《青春修炼手册》 掌声有请。
节目十二
请欣赏 直克乡小学二年级带来的小品 《大霸风神榜》掌声有请他们。
节目十三
བློ་རིག་གི་མེ་ཏོག་རྣམ་པར་བཀྲ་ལ། ཤེས་བྱ་ཡི་ཟེའུ་འབྲུ་ལྷུག་པོར་དགོད་པ།
ལང་ཚོ་ཡི་སྒེག་ཉམས་ལྷག་ཏུ་བརྟས་ཤིང་། མི་གཤིས་ཀྱི་དྲི་བསུང་ཕྱོགས་མེད་དུ་བསྒོས་པ་ནི།
རེ་བ་དང་ཡིད་ཆེས་ཀྱི་སྤོབས་པས་ཀུན་ནས་ཕྱུག་པའི་ཁྱེད་རང་ཡིན།
གཤམ་ནས་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་མ་ དང་ གཉིས་པོས་བླངས་པའི་ ཁྱེད་རང་ཡིན། ཞེས་པའི་གླུ་དབྱངས་སྙན་མོ་ཞིག་ལ་དགྱེས་གཟིགས་གནང་རོགས།
节目十四
སློབ་གྲོགས་ཚོ། ང་ཚོས་ཡིད་དབང་འཕྲོག་པའི་ཚེ་སྲོག་གི་ཟིལ་ཤུགས་ངོམས་ཏེ། ལང་ཚོའི་ཉམས་འགྱུར་གྱི་གྲེ་འགྱུར་དབྱངས་ལ་བཀུག་ཅིང་། སྤྲོ་སེམས་ཀྱི་ཞིང་སར་གཞོན་ནུའི་ས་བོན་བཏབ་པས། ན་ཚོད་ཀྱི་མྱུ་གུར་རེ་བའི་འབྲས་བུ་ཐོགས་པས་སྐྱིད། གཤམ་ནས་མཐར་ཕྱིན་འཛིན་གྲྭ་གསུམ་པའི་སློབ་མ་ཚོས་འཁྲབ་པའི་ཞབས་བྲོ། ལང་ཚོའི་འཁྲུག་གཞས་ཞེས་པ་ཞིག་ལ་དགྱེས་གཟིགས་གནང་རོགས།
节目十五
རང་ཡུལ་གད་པ་ཡིན་ཡང་སྐྱིད་ཞེས་པ་ལྟར་***ནི་དགུན་ཁ་ཡིད་མུག་པ་ཞིག་ཡོད་མོད། དབྱར་ཁ་ཉམས་དགའ་བ་ཞིག་ཡོད། དེས་མ་ཚད་ཉི་ཟླའི་ཉེ་ས། འོད་ཀྱི་འཇིག་རྟེན་དུ་འབོད་པའི་***རུ་བརྗིད་པའི་གངས་རི་ཡོད་ལ། མཛེས་པའི་རྩྭ་ཐང་ཡོད། མཛེས་སྡུག་ལྡན་པའི་དབྱར་གཞུང་འདི་ལ། རྩྭ་ཐང་གི་ཁྱོན་ན་སྤང་རྒྱན་བཞད་པ་ཡིད་དུ་འོངས་ཤིང་། སློབ་གླིང་གི་གཞི་ན་ཁྱེད་བུ་སློབ་ཚོ་ཡོད་པས་དེས་བས་མཛེས་སྡུག་ལྡན། གཤམ་ནས་མཐར་ཕྱིན་འཛིན་གྲྭ་བཞི་པའི་སློབ་མ་ བླངས་པའི་ ས་མཐའི་ཕ་ཡུལ་ཞེས་པར་དགྱེས་གཟིགས་གནང་རོགས།
节目十六
དེ་རིང་སློབ་མཐར་སོང་བས། དགུང་སྔོན་མོའི་སྤྲིན་གྱི་རྒྱུ་སྟངས་ལེགས་འདུག
དེ་རིང་སློབ་མཐར་སོང་བས། ཆུ་གཙང་པོའི་རླབས་ཀྱི་བཞུར་སྒྲ་སྙན་འདུག
དེ་རིང་སློབ་མཐར་སོང་བས། རྒན་དམ་པ་ཚོའི་བརྩེ་ཞེན་གྱི་དྲོད་མདོག་སྙོམས་འདུག
དེ་རིང་སློབ་མཐར་སོང་བས། རོགས་ན་ཟླའི་ངོ་གདོང་ན་མཛུམ་གྱིས་ཁེངས་འདུག
དེ་རིང་ང་ཚོས་དགའ་ལྷང་ལྷང་གི་གླུ་ལེན་ཞིང་། སྐྱིད་ལྷང་ལྷང་གི་གར་འཁྲབ་ཏེ།
སློབ་མཐར་སོང་བའི་དུས་སྟོན་ལ་སྙན་མོ་གླུ་ཡི་མཆོད་པ་ཕུལ་ལ། མཛེས་པའི་གར་གྱི་ལྷ་དར་བཀོན།
གཤམ་ནས་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཚོས་རྒན་པད་མ་ལྷ་མོ་ལགས་དང་མཉམ་དུ་ཁྲོམ་གཞུང་གི་ཞབས་བྲོ་འཁྲུག་པོ་ཞིག་འཁྲབ་སྟོན་གནང་རྒྱུ་རེད་འདུག་པས་ཚང་མས་དགའ་བསུ་གནང་རོགས།
环节三 ;
ལྷག་པར་དུ་རྒན་ལགས་རྣམ་པས་རང་ལུས་འོད་སྣང་དུ་འབར་ནས་ཀ་ཁའི་གསེར་མདོག་གི་རུམ་པའི་ང་ཚོ་ལ་ཕྱིས་འབྱུང་འཇིག་རྟེན་གྱི་ལམ་སྣེ་བསྟན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཐུགས་རྗེ་ཆེ། རྒན་ལགས་པད་མ་ལྷ་མོ་ལགས་དང་། སློབ་གྲོགས་ཚོས།ཕྲ་ཆུང་མིག་གི་ལོངས་སྤྱོད་དང་། ཉན་བྱེད་རྣ་བའི་གསོས་སུ་སྨིན་པའི་བྲོ་གར་འཁྲུག་པོ་འདི་ལྟར་བུ་ཞིག་གནང་བར་བཀའ་དྲིན་ཆེ། ཚང་མས་ཡང་བསྐྱར་དགའ་བསུ་གནང་རོགས།
གཤམ་ནས་རང་སློབ་གྲྭའི་༢༠༡༨ལོའི་མཐར་ཕྱིན་འཛིན་གྲྭའི་འགན་འཁུར་རྒན་ལགས་རྣམས་ནས་མཐར་ཕྱིན་སློབ་མ་རྣམས་ལ་སློབ་ཐོན་ལག་ཁྱེར་སྟེར་གནང་རྒྱུ་རེད། དེས་ནས་མཐར་ཕྱིན་སློབ་མའི་འཐུས་ཚབ་པ་རྣམས་ཡར་ཕེབས་རོགས།
དེ་མིན། མཐར་ཕྱིན་འཛིན་གྲྭའི་རྒན་མིག་དམར་ལྷུན་གྲུབ་ལགས་དང་། རྒན་ཟླ་བ་མཚམས་གཅོད་ལགས་གཉིས་ནས་ཀྱང་། ཕེབས་ལམ་བདེ་བར་སྨོན་ཞེས་པའི་གླུ་གཞས་ཤིག་ལེན་རྒྱུ་ཡིན་པས་ཚང་མས་དགའ་བསུ་གནང་རོགས།
毕业班师生一起享用教育局的礼物
女: 此时此刻教育局给我们准备了一个小小的礼物, 请工作人员把我们的蛋糕拿上来。有请2017届毕业班的班主任和班长上台切蛋糕,全体师生共同享用县教育局送来的毕业蛋糕。
བུ། རེད། མཚམས་འདི་ནས་ང་ཚོས་རྫོང་སློབ་གསོ་ཅུད་ནས་ཆེད་མངག་མཐར་ཕྱིན་འཛིན་གྲྭ་དགེ་སློབ་རྣམས་ལ་གྲ་སྒྲིག་གནང་བའི་སློབ་ཐོན་སྒོ་ངའི་བག་ལེབ་ཅིག་ལ་ལོངས་སྤྱོད་རོགས། སྔོན་ལ་སློབ་ཐོན་འཛིན་གྲྭའི་འགན་འཁུར་རྒན་ལགས་དང་། འཛིན་གྲྭའི་སྐྱོར་དཔོན་ལྷན་རྒྱས་སྡིངས་ཆའི་ཐོག་ཕེབས་རོགས།
(蛋糕上来、班主任和班长也上来)
结束语
“毕业晚会已接近尾声,天下没有不散的宴席。送君千里终一别”,让我们珍藏起离别的愁绪,挥一挥手,道一声珍重。
སྔོན་བསགས་ཀྱི་ལས་འབྲས་ཞིག་གིས་འུ་ཅག་ཀྱག་ཀྱོག་གི་ལམ་སྣེ་འདི་ནས་ངོ་ཤེས་ལ། ཀྱག་ཀྱོག་གི་ལམ་སྣེ་འདི་ནས་གྱེས་དགོས་པ་བྱུང་མོད། མཛའ་བ་མི་ཕྱེད་རྡོ་རྗེའི་མདུད་པ་དང། བརྩེ་བ་མི་ཤིགས་དར་གྱི་མདུད་པ། ངེད་ཅག་གི་མཛའ་བ་ལ་འགྱུར་བ་མེད་ཅིང་། ངེད་ཅག་གི་བརྩེ་བ་ལ་གཡོ་འགུལ་མེད།
祝老师们身体健康,万事如意!祝同学们马到成功,金榜题名!
མཇུག་མཐར། ངས་གངས་དཀར་ལྷུན་པོའི་བརྩེ་བ་རུམ་ནས། རྨ་ཀླུང་སྔོན་མོའི་ཕྱི་ཐག་ཁྱེར་ནས། ས་སྒང་གི་མཐོ་ས་དང་། ཉི་འོད་ཀྱི་ལྡིང་ཁང་ནས་ལག་ཟུང་ཐལ་མོ་སྦྱར་ཏེ། རྒན་ལགས་རྣམ་པ་སྐུ་ཚེ་རི་རབ་བཞིན་བརྟན་ཞིང་། སློབ་ཕྲུག་རྣམ་པ་རྒྱུགས་འབྲས་གཡུར་ཟ་ལེན་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ་རྒྱུ་ཡིན།
同学们,老师们,***中学2018届的毕业晚会到此结束。再见!
རྒན་ལགས་རྣམ་པ་དང་། སློབ་ཕྲུག་རྣམ་པ་***རྫོང་སློབ་འབྲིང་གི་༢༠༡༨ལོའི་མཐར་ཕྱིན་འཛིན་གྲྭའི་སློབ་ཐོན་མཚན་ཚོགས་འདི་ནས་མཇུག་སྒྲིལ་སོང་། ལྷན་རྒྱས་བདེ་མོ་བྱོས།
有请各位领导上场留影。
|
|