国旗下讲话 | 祖国在我心中 国旗下讲话 藏语文稿子
信息编号:131 发布者:admin 发布时间:2019-05-02 12:19:40 关注:
信息编号:131 发布者:admin 发布时间:2019-05-02 12:19:40 关注:
-
ང་ཡི་མེས་རྒྱལ་ནམ་ཡང་སེམས་སུ་ཡོད།
སྔོ་ཞིང་སངས་བའི་མཁའ་དབྱིངས་སུ། དྲོ་ཞིང་འཇམ་པའི་ཉི་འོད་ཁྲོད། ཕྱོགས་དང་རིས་མེད་སྐྱེ་འགྲོ་ལ། རྟ་བདུན་དབང་པོའི་དྲོ་སྐྱིད་ཚོར།འདི་ནི། ང་ཚོའི་ཏང་གི་ཡང་དག་སྲིད་བཟང་གི་དྲོ་སྐྱིད་ཉི་འོད་ཡིན། ཞོགས་པའི་སྐྱ་རེངས་དབང་ཕྱོགས་ཀྱི་རི་རྩེ་ནས་ཤར་དུས། ང་ཚོའི་ཏང་གི་ཡང་དག་སྲིད་བཟང་འདི། ཉི་ཟེར་གྱི་དགའ་མ་དང་འགྲོགས་ནས། ང་དང་ངའི་མེས་རྒྱལ་གྱི་ཕུགས་འདུན་གླེང་ཞིང་། སྤྱི་ཚོགས་རིང་ལུགས་གྲོང་གསེབ་གསར་པ་འཛུགས་བསྐྲུན་དང་། གཞི་མཐུན་སྤྱི་ཚོགས་འཛུགས་པ། དམངས་གཞི་བརྟན་གཏོང་། དམངས་གཙོ་ལེགས་བཅོས་སོགས་བྱས་ཏེ། གངས་ཅན་གྱི་ཡུལ་གྲུ་འདིར། མཚར་སྡུག་གི་ཉིན་མོ་གསར་པ་ཞིག་སླེབས་པའི་སྔོན་བརྡ་བཏང་བ་མ་ཟད། བསིལ་ལྡན་གྱི་ཁ་བའི་ལྗོངས་ལ། དགེ་ལེགས་ཀྱི་དུས་སྟོན་གསར་པ་ཞིག་སླེབས་པའི་འཕྲིན་བཟང་སྒྲོགས་བཞིན་མཆིས།
ཨེ་མ། ང་ཡི་མེས་རྒྱལ་ཡ། དྲོ་ཞིང་འཇམ་པའི་བདེ་སྐྱིད་ཀྱི་འོད་ཟེར། ཏང་གི་ཉི་འོད་མེད་ན། པད་མོ་ཇི་ལྟར་བཞད་པ། མི་རིགས་མཐུན་སྒྲིལ་མེད་ན། འབྲས་བུ་ཇི་ལྟར་སྨིན་པ། ངའི་སྙིང་དབུས་ཀྱི་ཞིང་ས་གཤིན་པོ་རུ་དུས་ནམ་ཡང་འགྱུར་བ་མེད་པར་བཞད་པའི་འདབ་བརྒྱའི་མེ་ཏོག་གཅིག་པོ་ཡང་ཁྱེད་ཡིན།
འཐབ་འཛིང་གི་སྤོབས་པ་དང་སྙིང་སྟོབས་ཀྱང་སྟེར་གྱིན་གདའ། རེད་ཡ། ཁྱེད་ནི་ང་ཚོ་ཡི་སྐྱེད་མ། ཀྲུང་ཧྭ་མ་ཡུམ་གྱི་གཟི་བརྗིད། དེ་ནི། བདེ་སྐྱིད་ཀྱི་འོད་ཟེར་དང་མཚུངས། སྟོན་གསུམ་གྱི་དཔལ་ཡོན་ས་གཞི་ལ་ཤར་དུས། ཁྱེད་ནི། འོད་ཟེར་སྟོང་ལྡན་གྱི་ནོར་བུ་ཞིག་དང་འདྲ་བར། ལེགས་ཚོགས་ཀྱི་འབྲས་བུས་མགོ་ལྕོག་ལྡེམ་པའི་ཁྲོད་དུ། འཛུམ་འཚེར་གྱི་བཞད་སྒྲ་ལྷག་ལྷག་དུ་དགོད་བཞིན། བཀྲ་ཤིས་ཀྱི་འཕྲིན་བཟང་སྲིད་གསུམ་གྱི་རྩེ་མོར་སྒྲོག་པར་བྱེད། ཨེ་མ། སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པའི་རླབས་ཆེན་ཀྲུང་ཧྭ་ཡི་བདེ་སྐྱིད་ནི་ཉི་མའི་འོད་ཟེར་དང་ཀུན་ནས་མཚུངས།
ད་དུང་། ཁྱེད་ཀྱིས། རྒན་གསོ་རྒན་བཅོལ། སྨན་བཅོས་འགན་བཅོལ། དམའ་མཐའི་འཚོ་བའི་འགན་སྲུང་། ཞི་མཐུན་དཔེ་བཟང་། རྒྱལ་གཅེས་ཁྲིམས་སྲུང་བཅས་འཛུགས་སྤེལ་བྱས་ཏེ་ང་ཚོ་ལ་སྐུལ་མ་དང་སྟོབས་ཤུགས་ཀྱང་བསྩལ་བྱུང་། མ་ཡུམ་མེས་རྒྱལ་ཡ ། དྲོ་སྐྱིད་ཀྱི་ཉི་མའི་འོད་ཟེར། དེར་བརྟེན། འོད་གསལ་གྱི་ལམ་ཆེན། གཟི་བརྗིད་ཀྱི་ལས་འགན། བདེ་སྐྱིད་ཀྱི་འཚོ་བ། འཐབ་འཛིང་གི་གླུ་དབྱངས། མ་ཡུམ་མེས་རྒྱལ་ཕྱོགས་ལ་ཕུལ་དང་འབུལ་བཞིན་མཆིས། དེར་བརྟེན། དགའ་བའི་ཕ་ཡུལ། མཛེས་པའི་བོད་ལྗོངས་ནས། བཀྲ་ཤིས་འཕྲིན་བཟང་སྲིད་གསུམ་གྱི་རྩེ་མོར་སྒྲོགས་པར་བྱེད་དེ། རླབས་ཆེན་གྱི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། ཁྱེད་ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་ནམ་ཡང་ཡལ་བ་མེད་ལ། ཁྱེད་དུས་ནམ་ཡང་ང་ཚོའི་ཡིད་ཀྱི་ནམ་མཁའ་ལ་རྒྱུ་བ་དང་།
ཁྱེད་རང་དུས་གཏན་དུ་ང་ཚོའི་སྐྱབས་དང་མགོན་དུ་བཞུགས་པར་སྨོན།།
|
|