六一讲话稿 | ***乡小学六一儿童节讲话稿(藏语文)
信息编号:134 发布者:admin 发布时间:2019-05-02 12:21:46 关注:
信息编号:134 发布者:admin 发布时间:2019-05-02 12:21:46 关注:
-
**ཤང་སློབ་ཆུང་གི༦.༡གཏམ་བཤད།
བཀྲ་ཤིས་གནམ་ལ་ཉི་ཟླ་སྐར་གསུམ་མཚར།
བཀྲ་ཤིས་ས་ལ་སྔོ་ལྗང་གཡུ་གོས་མཛེས།
བཀྲ་ཤིས་བྱིས་པས་མཛེས་པའི་ཆས་གོས་བཀླུབས།
བཀྲ་ཤིས་བྱིས་པའི་དུས་ཆེན་བཀྲ་ཤིས་ཤོག།
འདིར་ཕེབས་པའི་དབུ་ཁྲིད་རྣམ་པ་དང་དགེ་སློབ་རྣམ་པ། ཁྱིམ་བདག་རྣམ་པ་ཚོ། དེ་རིང་ནི་བོད་མེ་སྤྲེལ་ལོའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉིན་རེད།
འདིར་ངས་བློ་མཐུན་རྣམ་པ་དང་སྐུ་མགྲོན་རྣམ་པ་ལ་སློབ་གྲའི་དགེ་སློབ་ཡོངས་ཀྱི་ཚབས་ཞུས་ནས་རང་ཤང་གི་སློབ་གསོའི་ཐད་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་ཐུགས་འཁུར་གནང་མཁན་གྱི་སློབ་གསོའི་ཚན་པ་དང་མི་སྒེར་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་གཅིག་ལྷན་རྒྱས་དུས་ཆེན་སྤྲོ་པོ་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བློ་མཐུན་རྣམ་པ་ཚོ་རང་བཀྲ་ཤིས་འཛོམས་ཤང་སློབ་ཆུང་འདི་སློབ་སྒོ་ཚུགས་ནས་ད་བར་ལོ་ངོ42གི་ལོ་རྒྱུས་ལྡན་པ་ཞིག་རེད། ད་ལྟ་རང་ཤང་དུ་ལྟེ་བའི་སློབ་ཆུང1དང་དགེ་བཟོ་སྡོམས22ཡོད་པ་དང་སློབ་ཕྲུག་གྲངས290ཡོད་པ་དང་སློབ་ཕྲུག་སློབ་གྲར་བཞུགས་ཚད་བརྒྱ་ཆ་བརྒྱ་ཟིན་གྱི་ཡོད་པས་དེ་ནི་གོང་རིམ་རིམ་པ་ལྟར་ཆགས་ཀྱི་འཆར་གཞི་དང་རང་ཤང་དང་ཚོན་གྱི་འདོད་བློ་སྐོང་ཐུབ་པའི་རྒྱལ་ཁའི་འབྲས་བུ་ཞིག་རེད།
དེ་ལ་ང་ཚོས་ཀྱང་བློ་ཁོག་ཆེན་པོ་དང་འཁྲུགས་ཆ་འདོད་པོའི་སྒོ་ནས་སློབ་གྲའི་རྣམ་པར་ཐུགས་འཁུར་དང་དོ་སྣང་ཐབས་ཇུས་དང་། གནས་བབས་ལ་ངོས་འཛིན་དེ་བས་ཟབ་དུ་གཏོང་བ་དང་ཧུར་བརྩོན་གྱིས་སློབ་གྲའི་སྒྲིགས་འཛུགས། སློབ་ཁྲིད་ཀྱི་སྤུས་ཚད་འགན་ལེན་དགེ་རྒན་ལས་བཟོ་ཚང་མས་སློབ་གསོའི་ལས་ཀར་དམ་བཟུང་། དགེ་རྒན་དཔུང་ཁག་གི་ལས་ཀར་དམ་བཟུང་སློབ་གསོའི་བརྟན་རླིང་ལ་ཤུགས་སྣོན། སློབ་ཁང་སློབ་དཔྱོད་ཀྱི་རྒྱུ་ནོར་ལ་དམ་བཟུང་དང་ གཏོང་འཛིན་ཡག་པོ་བྱེད་པ་ལས་སྒྱིད་ལུགས་དང་ལྷོད་གཡེང་སུ་བཏང་བའི་གནས་ཚུལ་རྩ་བ་ནས་མེད།
ལྷག་དོན་དུ་སྤྱི་ལོ2016ལོའི་རང་ཤང་གི་སློབ་གསོ་ཅུས་བཅའ་སྡོད་ལས་དོན་ཚོགས་ཆུང་གི་རོགས་སྐྱོར་མ་དངུལ་སྒོར120000ལྷག་ཙམ་གི་བྱ་སྤུའི་སྟོད་ཐུང་གནང་སྟེ་རང་ལྟེ་སློབ་ཀྱི་སློབ་ཕྲུག་ཡོངས་ལ་དགུན་ཆས་་ཐག་གཅོད་ཐུབ་པ་བྱས་ཡོད་པ་ད་དུང་དགེ་རྒན་ལས་བཟོས་སྤུན་ཟླའི་གནོད་ཚེ་བྱུང་ཁུལ་གྱི་ས་ཁུལ་ཁག་ལ་ཡང་རང་མོད་ཀྱི་ཞལ་འདེབས་རྒྱབ་ནས་སྤུན་ཟླའི་བརྩེ་སེམས་མཚོན་པར་བྱས་ཡོད་ཕྱིན་ཆད་ཀྱང་ང་ཚོས་ནུས་ཤུགས་ཡོད་རྒུད་རང་སློབ་གྲའི་ནང་གི་འཚོ་བ་སྐྱོ་བའི་སློབ་མའི་དཀའ་ངལ་སེལ་ཐུབ་པ་བྱ་རྒྱུ་ནི་དུས་ད་ལྟ་ནས་ཆོས་སེམས་རྡོ་ལ་རེ་མོ་བཀོད་པ་བཞིན་ཡོད་ལ་དངོས་ཐོག་དོན་འཁྱོལ་ཐུབ་པ་ཡང་བྱིད་རྩིས་ཡོད།
འོན་ཀྱང་ཏང་དང་མི་དམངས་ཀྱི་རེ་བ་དང་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ན་ད་དུང་རྒྱང་ཐག་རིང་ཙམ་ཡོད་པས་དེའི་རྒྱུ་མཚན་གཙོ་བོ་ནི་མིག་སྔར་གྲོང་ཚོ་ཁག་གཅིག་ལ་རང་ཉིད་ཀྱི་བུ་ཕྲུག་སློབ་གྲར་མཐར་ཕྱིན་པ་ཞིག་འགྲོ་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་འདུག་རྒྱུ་མཚན་གཙོ་བོ་ནི་ཁྱིམ་བདག་འགའ་རེས་ཞིང་འབྲོག་བུ་ཕྲུག་ཡིག་མོང་སེལ་ཐུབ་ཙམ་བྱུང་ན་འགྲིག་པའི་ངོས་འཛིན་བྱེད་པ་དང་འགའ་རེས་བུ་ཕྲུག་མུ་མཐུད་སློབ་གྲར་བཏང་ཏེ་མཇུག་ཏུ་ཕྲུ་གུ་ "དགོན་པའི་ཇ་ཡང་་མེད་ཞོལ་གྱི་ཐུག་པ་ཡང་མེད་" པའི་དཔེ་ལྟར་ཆགས་ཡོང་པ་ཡང་ཁྱིམ་བདག་འགའ་རེས་ཀྱིས་རང་ཕྲུག་སློབ་གྲར་གཏོང་རྒྱུ་ནི་མཉའ་སྣོན་ལྟ་བུར་ངོས་འཛིན་པ་ཡང་འགའ་རེས་ཀྱི་རང་གི་ཕྲུ་གུ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་ཤོས་ཀྱི་སྐབས་དེར་རང་ཕྲུག་སློབ་གྲར་མ་བཏང་བར་ཐ་ན་མི་གཞན་གྱི་གཡོག་ལ་བཏང་བ་སོགས་མདོར་ན་གོང་གསལ་བྱེད་སྟངས་དེ་ཚོའི་ཐད་ལ་རང་ཉིད་ངོས་ནས་བཤད་ན་ཁྱིམ་བདག་རྣམ་པའི་བསམ་བློའི་གོ་རྟོགས་ལ་འགྱུར་བ་ཞིག་གཏོང་དགོས་རྒྱུ་ནི་ཧ་ཅང་གལ་འགང་ཆེ་བ་ཞིག་སྙམས་ང་ཚོས་མི་རབས་གསར་པའི་འཚར་ལོངས་ཡོང་རྒྱུ་དང་བོད་ཀྱི་འབྱུང་འགྱུར་གྱི་དོན་དངོས་སུ་བསམ་བཞིགས་ཀྱི་མིག་ལྔའི་དཀའ་ངལ་དང་བསམ་བློའི་འགོལ་རྐྱེན་དག་ཕེན་ནས་རང་ཕྲུག་སྐྱོན་བྲལ་ངང་སློབ་གྲ་ཆེ་འབྲིང་ཆུང་གསུམ་དུ་བསྐྱོད་རྒྱུར་གཙོ་བོ་ཁྱིམ་བདག་གིས་བསམ་བློ་གང་ཟབ་གཅིག་གཏོང་དགོས། གང་ལ་ཞེ་ན། སློབ་གསོ་དང་ཚན་རིག་རིག་གནས་བཅས་གོང་འཕེལ་གཏོང་བ་ནི་དཔལ་ཡོན་གཉིས་དར་པ་བྱ་རྒྱུའི་གལ་ཆེའི་ཆ་རྐྱེན་ཞིག་ཡིན་ལ་མི་དམངས་མང་ཚོགས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་གོ་རྟོགས་གོང་མཐོར་གཏོང་རྒྱུའི་གལ་ཆེའི་ཆ་རྐྱེན་ཞིག་ཀྱང་ཡིན་པ་ལྷག་པར་དུ་སློབ་གསོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་རྒྱུའི་འཛུགས་བསྐྲུན་གྱི་ཐབས་གཙོ་གནད་ཞིག་དང་སློབ་གསོའི་རིམ་པ་ཁག་གིས་ཏང་གི་རྩ་འཛུགས་དང་སྲིད་གཞུང་གི་གལ་ཆེའི་གྲོས་རིམ་ནང་འཇོག་དགོས་ཞེས་འཛུབ་སྟོན་རབ་དང་རིམ་པ་གནང་གི་ཡོད་པས་ང་ཚོས་ཀྱང་དུས་དང་རྣམ་པ་ཀུན་དུ་སློབ་ཕྲུག་གི་བསམ་བློ་དང་ཀུན་སྤྱོད། ཤེས་རིག གཟུགས་པོ་གང་ཅིའི་ཐད་ལ་ལྟ་ལྟོགས་ཡག་པོ་དང་རོགས་རམ་གང་ལེགས་ཡོང་བའི་འགན་འཁྲི་ཡག་པོ་འཁུར་དགོས་ཕྱིན་ཆད་ཀྱང་ང་ཚོས་སློབ་གསོ་ཅུད་དང་བཀྲ་ཤིས་འཛོམས་ཤང་ཏང་ཨུད་དང་སྲིད་གཞུང་མི་དམངས་མང་ཚོགས་ཀྱི་རེ་བཅོལ་དེ་ཆུ་གཟོད་དུ་མ་གཏང་བར་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཁག་ལ་དམ་འཛིན་གང་ཟབ་བྱེད་པ་དང་རྒྱུན་དུ་སློབ་ཕྲུག་ཚོར་རྒྱལ་གཅེས་རེང་ལུགས་ཀྱི་སློབ་གསོ་གཏོང་རྒྱུར་ཐོང་ཆེན་བྱས་ནས་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཏང་དང་རྒྱལ་ཁབ་ཀྱིས་དྲིན་ཡེན་པ་གསལ་རྟོགས་ཐུབ་པ་བྱས་སྟེ་ མ་འོངས་པའི་སློབ་གསོའི་ལས་དོན་ཐོག་བཙོན་པ་བརྒྱ་དང་འབད་པ་སྟོང་གིས་ཏང་དང་མི་དམངས་ལ་ཚད་མཐུན་གྱི་མི་སྣ་གང་མང་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན།
མཇུག་ཏུ་དབུ་ཁྲིད་ལྷན་རྒྱས་དང་དགེ་སློབ་ལྷན་རྒྱས་ཁྱིམ་བདག་ལྷན་རྒྱས་རྒྱལ་སྤྱིའི་དྲུག་གཅིག་དུས་ཆེན་ལ་སྤྲོ་པོ་དང་ལོ་གསར་པའི་ནང་ཁྱེད་རྣམ་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ ཁྱིམ་ཚང་འཆམ་མཐུན། མི་ནད་ཕྱུགས་ནད་མི་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
|
|