运动会 | 藏语版运动会班级入场解说词
信息编号:136 发布者:ADMIN 发布时间:2019-05-17 22:15:40 关注:
信息编号:136 发布者:ADMIN 发布时间:2019-05-17 22:15:40 关注:
-
九二班
སླེབས་བྱུང་།
འགྲོས་མཉམ་པའི་གོམ་སྟབས་བསྒྱུར་གྱིན།
གཟེངས་མཐོ་བའི་ཁ་གཡང་སྒྲོག་གིན།
སྐྱིད་སྤྲོ་དགའི་ཉིན་མོ་འཛུམ་གྱིས་བསུ་བཞིན་སླེབས་བྱུང་།
ལ་རྒྱ་ཡི་མགོ་འཕངས་མཐོན་པོར་བཏེགས་ཤིང་།
སྤོབས་པ་ཡི་མིག་ཟུང་ཀེམ་ཀེམ་དུ་གཡོ་བཞིན།
མཛའ་བརྩེ་ཨང་དང་པོ་དང་། འགྲན་བསྡུར་ཨང་གཉིས་པ་ཡི་དར་ཆ་མཐོན་པོར་བཏེགས་ཏེ།
སྙིང་སྟོབས་ཡོད་ཚད་གོམ་སྟབས་སུ་བསྒྱུར་ནས་ཡོང་བཞིན་པ་ནི།
ལོ་རིམ་དགུ་པའི་འཛིན་གྲྭ་གཉིས་པའི་སློབ་མ་རྣམས་རེད།
ལྟོས་དང་།
འགྲོས་མཉམ་པའི་གོམ་སྒྲ་ཡིས་ཁོ་ཚོའི་སྙིང་སྟོབས་དང་། སྤོབས་པ་མཚོན་ལ།
གཟེངས་མཐོ་བའི་ཁ་གཡང་གིས་རྒྱལ་ཁའི་དན་རྟགས་ཀྱང་མཚོན།།
三.4班
ལང་ཚོའི་གཟི་དཔལ་གྱིས་རབ་ཏུ་སྤུད་ཅིང་།
མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་བཟུང་ནས།
རང་རྟོན་གྱི་གོམ་ཁ་བརྟན་པོས་མདུན་ཕྱོགས་སུ་ཆས་འོང་མཁན་ནི།
ལོ་རིམ་དགུ་པའི་འཛིན་གྲྭ་བཞི་པའི་རུ་སྟར་རེད།
རྔམ་ཟིལ་གྱི་འབོད་ཚིག་རེ་རེས་གཞོམ་དུ་མེད་པའི་ཁོང་ཚོའི་སེམས་ཁོང་གི་སྤོབས་པ་མཚོན་ལ།
དཔའ་ཉམས་ཀྱི་གོམ་འགྲོས་རེ་རེས་དོ་ཡ་བྲལ་བའི་ཁོང་ཚོའི་ལུས་ཀྱི་རྩལ་སྟོབས་མཚོན་ཡོད།
རྒྱལ་ཁའི་རྩོད་ལེན་ལ་ཞུམ་པ་མེད་པའི་ཁོང་ཚོའི་སྙིང་སྟོབས་ལ་གཞིགས་ན།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་དུ།
ཕུལ་བྱུང་གི་གཟེངས་བསྟོད་ལེན་པར་ཐེ་ཚོམ་བྱེད་དོན་ཅི།
二2班
བརྟན་ཅིང་ཚུགས་པའི་གོམ་སྟབས་འགྱུར་གྱིན་མཐུན་སྒྲིལ་གྱི་དར་ཆེན་དགུང་ལ་འཕྱར་ཞིང་།
ངར་ཤུགས་ལྡན་པའི་འབོད་ཚིག་སྒྲོག་གིན་འགྲན་རྩོད་ཀྱི་དཔའ་དར་ཕྱོགས་སུ་གཡོ།
ད་ལྟ་ཡང་ང་ཚོའི་མདུན་ཕྱོགས་སུ་ཡོང་བཞིན་པ་ནི།
ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་པའི་རུ་སྟར་རེད།
ཁོ་ཚོས།
མཐུན་སྒྲིལ་གྱི་དཔུང་གདང་སྦྲེལ་ཞིང་།
འབད་བརྩོན་གྱི་དཔའ་དར་འཕྱར་ལ།
མཛའ་བརྩེ་ཨང་དང་པོ་དང་། འགྲན་རྩོད་ཨང་གཉིས་པ་ཡི་ཁ་གཡང་སྒྲོག་གིན།
རྒྱལ་ཁའི་ཕྱོགས་སུ་ཡིད་ཆེས་ཀྱིས་ཁེངས་ནས་མདུན་དུ་བསྐྱོད་བཞིན་འདུག
二4班
ཕུགས་བསམ་གྱི་རྒྱགས་ཕྱེས་ཕྱུག་ཅིང་།
སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལང་ཚོའི་དཔུང་པ་བརྟན་པོར་བསྒྲེངས་ཏེ་ཡོང་བཞིན་པ་ནི།
ལོ་རིམ་བརྒྱད་པ་བཞི་པའི་སློབ་མ་རྣམས་རེད།
ཁོང་ཚོས།
མཐུན་སྒྲིལ་ནི་སྟོབས་ཤུགས་དང་།
འབད་བརྩོན་ནི་གཟི་བརྗིད་དུ་བསམ་བཞིན།
ཡར་བརྩོན་གྱི་བསམ་བློ་བརྟན་པོ་དང་།
མདུན་སྐྱོད་ཀྱི་གོམ་ཁ་སྒྲིག་པོས།
མ་འོངས་པའི་རྒྱལ་ཁར་ཕྱོགས་བཞིན་མདུན་དུ་ཡོང་།།
七.2班
ཚར་དུ་དངར་བའི་རུ་དར་ལྷབ་ལྷུབ་གཡོ།
བརྟན་ཅིང་ཚུགས་པའི་གོམ་སྟབས་ཉམས་ཀྱིས་བསྒྱུར། །
གསལ་ལ་བསངས་བའི་འབོད་ཚིག་སྒྲོག་གིན་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་ཏུ་སྒྲིལ་ནས།
སྤོབས་པ་དང་རེ་བས་ཁེངས་བཞིན་པར་མདུན་དུ་ཡོང་མཁན་ནི།
ལོ་རིམ་བདུན་པའི་འཛིན་གྲྭ་གཉིས་པའི་སློབ་མ་རྣམས་རེད།
ཁོང་ཚོར།
རྒྱལ་ཁར་བརྩོན་ལེན་བྱེད་པའི་སེམས་ཤུགས་བླ་ལྷག་ཏུ་མངའ་ཞིང་།
རྒྱལ་ཁ་ཐམས་ཅད་ལོན་པའི་འདེང་དང་སྤོབས་པས་ཁེངས། །
七.4班
མཇུག་ཏུ།
ལྷིང་ཞིང་དལ་བའི་གོམ་སྟབས་བསྒྱུར་གྱིན།
གསལ་ལ་སྙོམས་པའི་ཁ་གཡང་སྒྲོག་གིན།
དགའ་སྣང་གི་འཛུམ་མདངས་དང་བཅས་མདུན་དུ་ཡོང་བཞིན་པ་ནི།
བདུན་པ་བཞི་པའི་སློབ་མ་རྣམས་རེད།
ཁོང་ཚོའི་གྲུང་ཤ་དོད་པའི་རྣམ་འགྱུར་དང་།
ལྷིང་ཞིང་འགྲོས་ལེགས་པའི་གོམས་སྟབས་ལས།
དུས་རབས་གསར་པའི་ན་གཞོན་གྱི་གཟི་ཉམས་ལྷག་པར་མངོན་ཞིང་།
དུས་ཆེན་གྱི་དགའ་སྣང་དང་།
འགྲན་རྩོད་ཀྱི་སྤོབས་སེམས་སྔར་བས་གསལ།།
|
|