您当前的位置:首页 > 教师资源 > 教师工作 > 主持演讲
ལུས་རྩལ་འགྲན་བསྡུར་སྐབས་ཀྱི་སེམས་ཤུགས་སྐྱེད་ཆེད་ཀྱི་འབོད་ཚིག
信息编号:2375 发布者:admin 发布时间:2021-04-20 16:01:59 关注:

    གཟིགས་དང་། ང་ཚོའི་མདུན་ཕྱོགས་ནས་རི་མོ་བ་མཁན་ཞིག་གིས་དཀར་གཙང་གི་ཤོག་བུའི་སྟེང་། པིར་གྱི་རྩེ་མོས་ཐིག་རིས་བྲིས་པར་ལྟར་གྱི་རུ་སྟར་ནི་སུ་ཚང་རེད། ཁོ་ཚོའི་ལྷིང་ཞིང་སྒྲོས་ལེགས་པའི་གོམ་སྟབས་ལས་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་མངོན་ལ། དེ་བས་སྤྱང་གྲུང་དང་ལྡན་པའི་མིག་ཟུང་གཉིས་ལས་ང་ཚོ་ལ་རེ་བ་ཞིག་དང་དགའ་སྣང་ཞིག་ཤུགས་ཀྱིས་མ་སྦྱིན་ནམ། རེད་ཡཱ། ཁོ་ཚོ་ནི་ལོ་རིམ་དང་པོའི་འཛིན་གྲྭ་དགུ་པ་རེད། ཁོ་ཚོས་སྔར་སོང་ཤེས་རིག་གི་སྦྲང་རྩིར་ཚིམ་མེད་ཀྱི་འོ་བྱེད་མྱོང་ལ། ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་གྱི་ཐང་སྟེང་དུ་རྔུལ་ཕྲེང་བར་མེད་ལྷུང་པ་གྲངས་ཀྱིས་ག་ལ་ལང་། དེ་ལྟར་དཀའ་སྡུག་གི་མིག་ཆུ་རྡོག་པོ་རེ་རེས་ད་ལྟའི་མཉམ་འཛོམ་གྱི་ལོ་ཟླ་འདི་བསུས་ཤིང་། མཉམ་འཛོམ་གྱི་ལོ་ཟླ་འདི་ཁོ་ཚོའི་ངོས་ནས་བརྗོད་ན་སྤོབས་པ་ཞིག་རེད་ལ་དེ་བས་རེ་བ་གསར་པ་ཞིག་ཀྱང་ག་ལ་མ་ཡིན། གཟིགས་མོ་བ་ཚོ། སོམས་དང་། ང་ཚོས་དགའ་བའི་ཐལ་མོ་ཁོ་ཚོ་ལ་མ་སྡེབ་ན་སུ་ལ་སྡེབ། སྤྲོ་བའི་མཛུམ་མདང་ཁོ་ཚོ་ལ་མ་བསྟན་ན་སུ་ལ་བསྟན། ཁོ་ཚོ་ནི་བྱ་རྒྱལ་གྱི་རྒོད་པོ་ལ་རེ་སྙེག་བྱེད་པའི་ཚོགས་པ་ཞིག་ཡིན་ལ། དེ་བས་ཁོ་ཚོ་ནི་སུ་ཞིག་ལའང་འཇིགས་པ་དང་ཞུམ་པ་མེད་པའི་སྟག་སེང་གི་ཚོགས་ལ་དགའ་བའི་རུ་ཞིག་ལོས་ཡིན། ད་ནི་ང་ཚོས་ཁོ་ཚོ་ལ་དགའ་མགུ་དང་བཅས་ཁོ་ཚོའི་མ་འོངས་སྔར་བཞིན་འོད་སྟོང་འཕྲོ་ཕྱིར་སྨོན་འདུན་ལན་བརྒྱར་ཞུས་ན་གང་འདྲ་འདུག་གམ།

    ༡ མུན་ནག་གི་ཡོལ་བས་ལུས་ངག་སྒྲིབ་ཀྱང་སེམས་ཀྱི་སྐར་ཁུང་རྟག་ཏུ་དགོས་པས། ལུས་རྩལ་པ་ཚོ། ཁྱེད་ཚོ་ནི་རྒྱལ་ཁ་ཁོ་ནའི་ཆེད་འཚོ་བཞིན་པའི་འབྲོང་རྒོད་ཁྱུ་ཞིག་ཡིན་པས་ཕམ་ཁ་ལ་སྐྲག་དགོས་དོན་ཅི་ཡོད། མུ་མཐུད་རྒྱུག་དང་མདུན་ཕྱོགས་ན་འོད་སྣང་དང་རེ་བས་སྒུག་བཞིན་མཆིས། 

    ༢ ང་ཚོ་སྔར་བཞིན་ཁྱེད་ཚོ་དང་མཉམ་དུ་ཡོད་པས། ད་ནི་མཆོང་ཞིག མགོ་བོ་མཐོན་པོར་སྒྲེང་ནས་སྟག་གཟིག་ཇི་བཞིན། ད་གཟོད་རྒྱལ་ཁའི་ཐལ་མོ་མ་ལུས་ཁྱེད་ཚོ་ལ་དབང་ངེས། 

    ༣ སེམས་མ་སྐྱོ། ཡིད་མ་གདུང་། མ་མའི་གཅེས་ཕྲུག ཕ་ལོའི་རེ་བ། ང་ཚོ་ལ་མཇུག་འབྲས་ཇི་ལྟ་བུ་ཞིག་ཐོབ་རུང་། ཁྱེད་ཚོ་ནི་དེ་རིང་མི་ཚོགས་ཀྱི་དབུས་སུ་བཞད་པའི་གངས་ལྷ་མེ་ཏོག་གཅིག་པོ་དེ་ཡིན་པས་སེམས་སྐྱོ་དགོས་དོན་གང་ཡོད། 

    ༤ རྟ་རྒོད་ལ་སྐྱེངས་པ་སྟེར་བཞིན། བྱ་ཁྱུང་ལ་ངོ་ཚ་སློང་མཁན་ནི་གཞན་སུ་ཡང་མ་ཡིན་ཏེ། འདི་ནི་ལོ་རིམ་དང་པོའི་འཛིན་གྲྭ་བཞི་པའི་སློབ་མ་དག་ཡིན། ཁྱེད་ཚོ་ད་དུང་ཅིའི་ཕྱིར་ཐེ་ཚོམ་བྱེད་བཞིན་ཡོད། གཟིགས་མོ་བ་ཚོ་ད་ནི་སེམས་དབུས་ཀྱི་ཐལ་མོ་ཁོ་ཚོའི་ཆེད་སྡེབ་རོགས། ཡུན་ནས་ཡུན་དུ། 

    ༥ འཕེན་དང་། ད་ནི་གནམ་སའི་མཐའ་ལ་འཕེན་དང་། དེ་རིང་ནི་ཁྱེད་ཀྱི་ལུས་སྟོབས་ངོམ་པའི་དུས་བཟང་ཞིག་ཡིན་ལ། གཞན་ཚོར་རེ་བ་དང་སྐུལ་མ་བྱེད་པའི་དུས་བཟང་ཞིག་ཀྱང་ལོས་ཡིན་པས། ཁྱེད་ཀྱིས་རང་ཉིད་ཀྱི་རྩལ་ཡོངས་མ་ལུས་མངོན་དགོས་ཨང་། 

    ༦ སྐར་མདའ་དང་དྲི་བཞོན། ད་དུང་གློག་འོད་སོགས་ནི་ཁྱེད་ཚོའི་མཚུངས་དཔེ་ཁོ་ནར་འོས་པས། ཁྱེད་ཚོ་དཔའ་མི་ཞུམ། རྒྱུག་དང་རེ་བ་དང་རྒྱལ་ཁའི་ཕྱོགས་སུ། 

    ༧ ལང་ཚོའི་མཛེས་སྡུག ལང་ཚོའི་སྤོབས་པ། ལང་ཚོའི་ཡིད་ཆེས་ལ་སོགས་པ་ཁྱེད་ཚོ་ནས་གསལ་ལེར་མངོན་བཞིན་འདུག་པས། ཤུགས་རྒྱོབ། ཤུགས་རྒྱོབ། 

    ༨ དཀའ་བའི་ལ་ཞིག་མ་རྒྱབ་ཚེ་ཞིམ་པའི་ཟས་ཤིག་གང་ནས་རག མཆོང་དང་། དཀའ་བ་ལ་ཇི་མི་ཉམ་པར་ཡིད་ཆེས་ཆེན་པོའི་ངང་། 

    མཆོང་དང་། དགྲ་བོར་དཔའ་མི་ཞུམ་པར་རྒྱལ་ཁ་ཁོ་ནའི་ཆེད་དུ་མཆོང་དང་། 

    ༩ ཁྱེད་ཚོ་ནི་འཛིན་གྲྭའི་སྤོབས་པ་རེད་ལ་དེ་བས་ང་ཚོ་ཚང་མའི་སྤོབས་པ་ཡིན་པས། ཆོད་སེམས་བརྟན་པོའི་ངང་ཡོད་ཚད་ལས་རྣམ་པར་རྒྱལ་དགོས། 

    ༡༠ ཁྱེད་ཚོའི་དངུལ་ཆུ་རྡོག་པོ་རེ་རེར་མཚར་སྡུག་དང་ལྡན་པའི་མེ་ཏོག་སྣ་བརྒྱ་བཞེད་ངེས་ལ། ཁྱེད་ཀྱི་རྣམ་པ་རེ་རེ་ལས་གཟིགས་མོ་བ་ཚོ་ལ་བརྗེད་དུ་མེད་པའི་སྤྲོ་བ་ཞིག་ཀྱང་སྦྱིན་སྲིད། དེ་རིང་གི་དུས་བཟང་ནི་ཁྱེད་ཚོ་ཁོ་ན་ལ་དབང་བས། ལུས་རྩལ་པ་ཚོ། ད་ནི་མཆོང་ཞིག རྒྱུག་ཞིག འཕེན་ཞིག 

    ༡༡ ཁྱེད་ཚོ་ལ་རྩྭ་ཐང་གིས་བསྩལ་བའི་ངར་ཤུགས་ཡོད་ལ་གངས་རིས་གནང་བའི་རེ་བ་བཅས་ཡོད་པས། མཆོང་རྒྱུག་འཕེན་གསུམ་གྱི་རྒྱལ་ཁ་ནི་ནམ་ཞར་དུ་དབང་།  ཤུགས་རྒྱོབ། ཤུགས་རྒྱོབ། 

    ༡༢ གཅེས་ཕྲུག་ཚོ།   ཁྱེད་ཚོ་ནི་མདུན་སྐྱོད་ཀྱི་དཔུང་པ་ཞུམ་མ་མྱོང་ལ་བློ་སྟོབས་ཀྱི་མགོ་བོ་སྒུར་མ་མྱོང་བའི་རིགས་རྒྱུད་ཉག་ཅིག་ཡིན་པས་ཤུགས་རྒྱོབ།   ནམ་ཡང་མགོ་བོ་མཐོན་པོར་སྒྲེང་དགོས།

    ༡༣ ཁྱོད་ཚོའི་ལྷག་བསམ་ནི་གངས་རིའི་དཔལ་ལ་འགྲན་ཞིང་། ཁྱོད་ཚོའི་སྙིང་སྟོབས་ནི་རྩྭ་ཐང་ལས་ཡངས་པས་བློ་ཞུམ་ཡིད་ཆེད་ནི་ཁྱོད་ཚོའི་སྤྱོད་ཡུལ་ག་ལ་ཡིན། 

    ༡༤ ལྟོས་དང་ཕ་གི་ན་ཡོད་པའི་གངས་རི་ནི་ཁྱེད་ཀྱི་དཔའ་སྟོབས་ཡིན་པས་ཁྱེད་ལ་རྒྱལ་ཁ་ལེན་པའི་སེམས་ཤུགས་སྔ་ས་ནས་ལྡན་ཡོད།   ཤུགས་རྒྱོབ། ཤུགས་རྒྱོབ། 

    ༡༥ ཁྱོད་ཚོ་ནི་དཔའ་སྟོབས་དང་བློ་གྲོས་ཀྱི་བདག་པོ་གཅིག་པོ་འདི་ཡིན་པས་ནམ་ཡང་བརྩོན་པ་མི་ལྷོད། སེམས་ཤུགས་མི་དམའ། ད་ནི་སྐྱོད་དང་མི་ཚོགས་ཀྱི་དབུས་སུ་སྤོབས་པ་ཆེན་པོའི་ངང་མདུན་ཕྱོགས་སུ། 

    ༡༦ ཁྱེད་ཚོ་ནི་རྩྭ་ཐང་སྟེང་གི་མེ་ཏོག་མཚར་ཤོས་དེ་ཡིན་པས། ཅིའི་ཕྱིར་སྤོབས་པ་དང་རེ་བ་མི་ལྡན་ནམ། ཁྱེད་ཚོ་ནི་ནམ་དགུང་གི་སྐར་ཆེན་དེ་ཡིན་པས་ད་དུང་ཕྱོགས་བཞིར་འོད་ཟེར་མི་འཕྲོ་པ་ག་ལ་སྲིད། གཅེས་ལོ་རྒྱུག་དང་བློ་ཕམ་དང་རེ་ཆད་དག་ཡེ་ནས་དོར་ཏེ་རེ་བ་དང་རྒྱལ་ཁའི་ཕྱོགས་སུ་རྒྱུག

    ༡༧ ཉན་དང་རྒྱལ་ཁའི་གླུ་དབྱངས་ལ། ལྟོས་དང་གཟིགས་མོ་བ་ཚོའི་མཛུམ་མདང་ལ། དེ་ཐམས་ཅད་ཁྱེད་ཚོ་ལ་དབང་བས། ད་ནི་མཆོང་དང་། སྟག་གཟིག་བཞིན། རི་དྭགས་ལྟར། 

    ༡༨ཁྱེད་ཚོས་གོའམ་ལུས་རྩལ་པ་ཚོ། གཟིགས་མོ་བ་ཚོའི་དགའ་འབོད་འདི་དག འདི་ནི་ཡིད་ཆེས་དང་རེ་བས་ཁེངས་པའི་དགའ་འབོད་ཅིག་ཡིན་ལ། འདི་ནི་གཡོ་ཟོལ་དང་བྲལ་བའི་བརྩེ་བ་ཞིག་ཀྱང་ལོས་ཡིན་པས། ལུས་རྩལ་པ་ཚོ། ཁྱེད་ཚོའི་ཡིད་སེམས་དགའ་བདེས་མི་མྱོས་སམ། ཁྱེད་ཚོའི་མཆོང་རྒྱུག་འཕེན་གསུམ་གྱི་ངར་ཤུགས་གཏིང་ནས་མི་སྐྱེའམ། 

    ༡༩ དགའ་བས་མྱོས་པའི་མཉམ་མཛོམ་གྱི་དུས་བཟང་འདིར། ཕམ་རུང་། རྒྱལ་རུང་། མཐུན་སྒྲིལ་དང་སྤྲོ་སེམས་ནི་གཙོ་བོ་ཡིན་པ་ང་ཚོ་ཚང་མའི་སེམས་དབུས་སུ་བརྟན་པོར་བཟུང་དགོས་ཨང་། 

    ༢༠ གནམ་ངོ་དྭངས་བའི་ཉི་འོད་ཀྱི་ཕྲོད། ལང་ཚོའི་སྤོབས་པ་དང་གཟི་དཔལ་རབ་ཏུ་མངོན་ལ། རྩྭ་ཐང་ལྟར་ཡངས་པའི་ལུས་རྩལ་གྱི་ཐང་ན་རེ་བ་དང་ཡིད་ཆེས་ཀྱི་མེ་ཏོག་གང་སར་བཞད། དེ་ནི་གཞན་གང་ཡང་མ་ཡིན་ཏེ། ང་ཚོ་འོ། བརྩེ་བའི་སློབ་གྲོགས་ལགས། 

糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图